སོག་ཡུལ་དུ་ས་ག་ཟླ་བའི་དུས་ཆེན།

ས་ག་ཟླ་བའི་དུས་ཆེན་དང་བསྟུན་རྒྱ་གར་གཞུང་གི་ཁྲིམས་ཀྱི་བློན་ཆེན་སྐུ་ཞབས་ཀི་རན་རི་ཇུ་ཇུ་མཆོག་གིས་སྣེ་ཁྲིད་གནང་སྟེ་སྟོན་པ་བཅོམ་འདས་ལྡན་གྱི་རིང་སྲེལ་སོག་ཡུལ་དུ་གདན་འདྲེན་ཞུས་ཤིང་། ཉིན་གྲངས་༡༡ རིང་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་དྷུར་གཙོས་ས་གནས་མང་པོའི་ནང་མང་ཚོགས་ལ་མཇལ་ཁ་གཏོང་བཞིན་ཡོད་པ་དེ་ནི་ལོ་ངོ་ ༢༩ རྗེས་ཀྱི་ཐོག་མ་དེ་ཆགས་ཡོད་པ་རེད། གླེང་མོལ་གྱི་ལས་རིམ་ནང་། སོག་ཡུལ་དུ་རྒྱ་གར་གཞུང་གི་ཆེས་མཐོའི་སྐུ་ཚབ་ཁོངས་སུ་ཕེབས་ཞུགས་གནང་པ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་དྲུང་ཆེ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་ཟུར་བྱང་ཆུབ་ཆོས་ལྡན་མཆོག་དང་ དབུས་བོད་མིའི་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་རྣམ་གཉིས་དང་ལྷན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།