བརྙན་འཕྲིན་གསར་འགྱུར། ༢༠༢༤།༠༣།༢༣

ཐེངས་འདིའི་བརྙན་འཕྲིན་གསར་འགྱུར་ནང་། · སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཏཱ་ལའི་བླ་མ་ Fellow ཞེས་པའི་སློབ་ཡོན་ལས་གཞིའི་ཁོངས་ཀྱི་སློབ་ཕྲུག་དང་དགེ་རྒན་ཆེན་མོ་བ་བཅས་ལ། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་སྤེལ་རྒྱུ་གལ་ཆེན་ཡིན་པའི་སྐོར་བཀའ་སློབ་སྩལ་གནང་མཛད་འདུག · ཡོ་རོབ་མཐུན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་ནང་གི་གནས་སྟངས་ཐད་ཐུགས་འཚབ་ཡོད་པ་གླེང་ཞིང་བོད་ཀྱི་ཆབ་སྲིད་བཙོན་པ་ཁག་ཅིག་ཕྲལ་དུ་གློད་དགོས་པའི་འབོད་སྐུལ་གནང་འདུག · དབྱིན་ཇིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཕེབས་ཞུགས་འོག་བོད་ནང་གི་བོད་མི་རང་སྲོག་བློས་གཏོང་གནང་མཁན་རྣམས་ལ་རྒྱལ་ས་ལོན་ཌོན་དུ་རྗེས་དྲན་གྱི་མཛད་སྒོ་ཞིག་གནང་ཞིང་། བོད་མི་དེ་དག་གི་བློས་གཏོང་ནི་རྩ་ཆེན་ཡིན་པ་གྲོས་ཚོགས་འཐུས་མི་ཊིམ་ལའོ་ཊོན་མཆོག་གིས་གསུངས་འདུག Anchor: Tashi Wangchuk Producer: Yeshi Tashi