བརྙན་འཕྲིན་གསར་འགྱུར།༢༠༢༤།༠༥།༣༠

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཕྱི་སྲིད་དཔོན་རིགས་ཟུར་པ་དང་གྲོས་ཚོགས་འཐུས་མི་ Shashi Tharoor ལགས་སུ་མཇལ་ཁ་སྩལ་གནང་མཛད་པ། མིས་བཟོས་རིག་ནུས་ལ་བརྟེན་ནས་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གི་གསུང་སྐད་རྫུན་མ་བཟོས་ཏེ། གསུང་ཆོས་རྫུན་མ་སྒྲོག་པ་དང་ཞལ་འདེབས་བསྡུས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་འདུག མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་བྲག་དཀར་རྫོང་གི་དགེ་འདུན་པ་ལོ་གཞོན་ཞིག་དགོན་པར་ཞུགས་མ་བཅུག་པའི་རྐྱེན་གྱིས་རང་སྲོག་བཅད་འདུག Anchor:Tashi Wangchuk Producer: Nordhey Dolma