བརྙན་འཕྲིན་གསར་འགྱུར། ༢༠༢༣།༠༨།༣༡

• རྒྱལ་སྤྱིའི་གར་སོང་ཆ་མེད་གྱུར་བའི་ཉིན་མོར་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་དམིགས་བསལ་ཚོགས་ཆུང་གིས་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཆ་རྐྱེན་མེད་པའི་ཐོག་ནས་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་འདུག • ཨ་རུ་ན་ཅལ་མངའ་སྡེ་ནི་རྒྱ་གར་རང་བཙན་རྗེས་སུ་རྒྱ་གར་གྱི་མངའ་ཁོངས་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་འཛིན་གནང་སྟེ། རྒྱ་ནག་གཞུང་གི་ས་ཁྲ་བཟོས་པ་འདི་ནི་འཁྱོག་བཤད་ཡིན་པ་བརྗོད་འདུག • དབྱིན་ཇིའི་གྲོས་ཚོགས་ཀྱི་སྙན་ཐོ་ཞིག་གི་ནང་ཐེ་ཝན་འདི་རང་བཙན་གྱི་རྒྱལ་ཁབ་ཞིག་ཏུ་ངོས་འཛིན་བྱསའདུག