བརྙན་འཕྲིན་གསར་འགྱུར། ༢༠༢༠།༠༧།༢༤།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བརྙན་འཕྲིན། ༢༠༢༡།༠༧།༢༤ ཐེངས་འདིའི་བརྙན་འཕྲིན་ནང་། རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་བོད་ནང་ཡོང་དོན་གཙོ་བོ་ཞིག་ནི། རྒྱ་གར་དང་མཐའ་མཚམས་སྲུང་སྐྱོབ་ཀྱི་ཐབས་བྱུས་བཀོད་སྒྲིག་ཆེད་ཡིན་པ་ངོས་འཛིན་བྱེད་བཞིན་པ། རྒྱ་ནག་གིས་བསྐོས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་བོད་ནང་ལྟ་སྐོར་དུ་བསྐྱོད་སྐབས་དགའ་བསུ་བྱེད་དགོས་པའི་བཙན་བཀའ་བཏང་པ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་གཞོན་པ་རྒྱ་ནག་ཏུ་ཕེབས་རྒྱུ་ནི་སྦཡེཌན་སྲིད་གཞུང་གིས་རྒྱ་ནག་འགོ་གཙོར་ཐུགས་འཕྲད་གནང་མཁན་མཐོ་ཤོས་དེ་ཆགས་ཀྱི་ཡོད་པ་སོགས་དང་གླེང་མོལ་གྱི་ལེ་ཚན་བཅས་ཡོད། RFA Tibetan TV – July 24, 2021 Anchor: Tashi Wangchuk Producer: Passang Dhonden