བརྙན་འཕྲིན་གསར་འགྱུར། ༢༠༢༣།༠༨།༡༧

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་སླེ་རི་ལྗོངས་འཛུགས་སྐྲུན་ལྷན་ཚོགས་ཀྱིས་གཞུང་འབྲེལ་གསོལ་སྟོན་འདེགས་འབུལ་སྐབས། བརྩེ་སེམས་ནི་བདེ་སྐྱིད་ཀྱི་འབྱུང་རྩ་ཡིན་པ་བཀའ་གནང་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་དཔར་སྐྲུན་གནང་པའི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་གླེང་བམ་བཞི་པ་དབྱིན་ཡིག་ནང་ཕབ་སྒྱུར་དང་དཔར་བསྐྲུན་ཟིན་པ། པེ་ཅིང་དུ་ཚོགས་བཞིན་པའི་བོད་རིག་པའི་ཚོགས་འདུ་ཟེར་བ་དེ་དོན་ལ་མི་གནས་པའི་ཚིག་སྐམ་གྱི་རྣམ་འགྱུར་བསྟན་པ་ཙམ་ཡིན་པ་བོད་གནས་མཁས་དབང་ཁག་ཅིག་གིས་ངོས་འཛིན་གནང་གི་འདུག