བརྙན་འཕྲིན་གསར་འགྱུར། ༢༠༢༤།༠༧།༢༧

ཐེངས་འདིའི་བརྙན་འཕྲིན་གསར་འགྱུར་ནང་། གློག་འདོན་ས་ཚིགས་རྒྱག་ཆེད་ཨ་ཚོགས་དགོན་པ་གཏོར་བཤིག་གིས་རྗེས་ཤུལ་ཙམ་ཡང་མེད་པ་བཟོས་ཡོད་འདུག སྲིད་སྐྱོང་མཆོག་གིས་དབུ་བཞུགས་ཐོག་ཨ་རིའི་རྒྱལ་སར་གྲོས་ཚོགས་ཀྱི་འཐུས་མི་ཚོར་ཟུར་དུ་མཛད་སྒོ་ཞིག་གནང་སྟེ། བོད་དོན་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་གཏན་འབེབས་བྱུང་པར་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཚོགས་སོང་། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཨ་རིའི་གཞུང་ཚབ་ཆེན་མོ་གཉིས་ཀྱི་དབར་ལ་མཇལ་འཕྲད་གནང་འདུག Anchor: Tashi Wangchuk Producer: Nordhey Dolma