བོད་དོན་ཞུ་གཏུག་ཀྱི་ལས་འགུལ་ཐེངས་ ༡༦

ཕྱི་ཟླ་ ༣ ཚེས་ ༡༡ དང་ ༡༢ ཉིན་གྲངས་གཉིས་རིང་། ཨ་མི་རི་ཀའི་མངའ་སྡེ་ཁག་ ༢༥ ཙམ་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་༢༠༠ ལྷག་ཨ་རིའི་རྒྱལ་སར་འདུ་འཛོམས་ཀྱིས། ཨ་རིའི་གྲོས་ཚོགས་གོང་འོག་ནང་བོད་དོན་ཞུ་གཏུག་ཀྱི་ལས་འགུལ་ཐེངས་ ༡༦ དེ་གནང་ཡོད་པ་རེད། དེ་རིང་གླེང་མོལ་ལེ་ཚན་ནང་བོད་དོན་ཞུ་གཏུག་ཆེད་ཕེབས་པའི་ ནིའུ་ཡོག་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གཞི་རིམ་གྱི་འགན་འཛིན་བསྟན་འཛིན་སྨིན་ལེགས།་དང་ Boston ནས་རྒན་བཀྲ་ཤིས་དོན་འགྲུབ་ལགས། Indiana ནས་བདེ་ཆེན་བཟང་མོ་ལགས་བཅས་དང་ལྷན་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གླེང་མོལ་གནང་པར་གཟིགས་རོགས་གནང་།