བརྙན་འཕྲིན་གསར་འགྱུར། ༢༠༢༣།༠༤།༢༠

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བརྙན་འཕྲིན། ༢༠༢༣།༠༤།༢༠ ཐེངས་འདིའི་བརྙན་འཕྲིན་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་མཛད་ཅིང་། ལྡི་ལིར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་སུ་དབུ་བཞུགས་མཛད་རྒྱུ་ཡིན་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བའི་བརྙན་ཐུང་བཀྲམ་པའི་ཐད་ཧི་མ་ལ་ཡའི་མང་ཚོགས་དང་འཛམ་གླིང་གང་སར་བོད་མི་ཚོས་ལས་འགུལ་སྤེལ་ཏེ་ཐུགས་འཚབ་ཀྱི་རྣམ་འགྱུར་སྟོན་བཞིན་འདུག བོད་མིའི་རང་དབང་དང་བདེན་མཐའ་སེལ་ཆེད་མུ་མཐུད་བོད་དོན་རྒྱབ་སྐྱོར་གྱི་ཕྱག་ལས་གནང་གི་ཡིན་ཞེས། ཨའོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་གིས་གསལ་བསྒྲགས་གནང་འདུག་པ་སོགས་དང་གླེང་མོལ་གྱི་ལེ་ཚན་བཅས་ཡོད། RFA Tibetan TV – April 20, 2022 Anchor: Tashi Wangchuk Producer: Passang Dhonden