བརྙན་འཕྲིན་གསར་འགྱུར། ༢༠༢༤།༠༨།༡༥

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྙན་འཕྲིན། ༢༠༢༤།༠༨།༡༥ RFA Tibetan TV Program- August 15, 2024 ཐེངས་འདིའི་བརྙན་འཕྲིན་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་རྗེས་ཀྱི་མང་ཚོགས་ཀྱི་མཛད་འཆར་གཙོ་གྲས་ཁོངས་ཨི་ཐི་ཀར་ཡོད་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་དཔེ་མཛོད་དང་ཤེས་ཡོན་བསྟི་གནས་ཁང་དུ་ཆིབས་བསྒྱུར་དང་། དེ་རྗེས་བྱང་ཨ་རི་དང་ཡོ་རོབ་བོད་མི་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་སོགས་འདུག མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཟེར་བ་བཙུགས་ནས་ལོ་ ༧༠ འཁོར་བའི་རྟེན་འབྲེལ་མཛད་སྒོ་ཆེན་པོ་ཞིག་བྱས་ཡོད་ན་ཡང་། ས་ཁུལ་དེའི་བོད་མི་ཚོར་ལོ་ངོ་བདུན་བཅུ་དེའི་རིང་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་དཀའ་ངལ་ཆེན་པོ་སྤྲད་ཡོད་པ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་བྱས་འདུག མཐོ་སློབ་འགྲིམ་བཞིན་པའི་ནང་པའི་སློབ་མ་ཚོས་དུས་རབས་ཉེར་གཅིག་དང་མཐུན་པའི་བསམ་བློའི་འཁྱེར་ཕྱོགས་དགོས་གལ་ཆེ་བ་དང་། དེ་ཡང་ནང་ཆོས་ཀྱི་སྙིང་པོ་མ་དོར་བའི་ཐོག་ནས་སློབ་སྦྱོང་བྱེད་རྒྱུ་གལ་ཆེ་ཡིན་པ་༧སྐུའི་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ལ་དྭགས་སུ་གསུངས་འདུག་པ་སོགས་ཀྱི་གནས་ཚུལ་དང་། གླེང་མོལ་གྱི་ལེ་ཚན་བཅས་ཡོད། RFA Tibetan TV Program- August 15, 2024 Anchor: Kalden Lodoe Producer: Passang Dhonden