བརྙན་འཕྲིན་གསར་འགྱུར། ༢༠༢༤།༠༦།༠༡

ཐེངས་འདིའི་བརྙན་འཕྲིན་གསར་འགྱུར་ནང་། • ཡོ་རོབ་ཨིསི་ཊོནི་ཡཱའི་གྲོས་ཚོགས་འཐུས་མི་ཞིག་བཞུགས་སྒར་དུ་ཆེད་ཕེབས་གནང་བར་རྒྱ་ནག་གཞུང་ཚབ་པས་འབོད་འགུག་གིས་སྐྱོན་བརྗོད་བྱས་འདུག • རྒྱ་ནག་གཞུང་གིས་རྒྱ་ནག་གི་ནང་བསྟན་མཐུན་ཚོགས་ཟེར་བ་བེད་སྤྱོད་ཀྱིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་ཐབས་བྱེད་བཞིན་འདུག • རྒྱ་གར་རྒྱལ་ཡོངས་འོས་བསྡུའི་ལས་རིམ་ཁག་བགོས་རིམ་པ་མཐའ་མའི་ཁྲོད་བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་འོས་བསྡུ་གནང་ཡོད་པར་རྒྱ་གར་གི་མི་སེར་གནས་བབ་ཡོད་པའི་བོད་མི་མི་ཉུང་བ་ཞིག་གིས་མཉམ་ཞུགས་གནང་ཡོད་འདུག Anchor: Tashi Wangchuk Producer: Yeshi Tashi