བརྙན་འཕྲིན་གསར་འགྱུར། ༢༠༢༤།༡༠།༢༢

སྲིད་སྐྱོང་མཆོག་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་དང་། དེ ནས་གར་རྒྱལ་ས་ལྡི་ལིར་མ་འོངས་བོད་ཀྱི་གནད་དོན་དང་འབྲེལ་བའི་སྐོར་གསུང་བཤད་གནང་འདུག བོད་ནང་གི་ཁོར་ཡུག་སྲུང་སྐྱོང་བ་མཚོ་འོད་ཚེ་རིང་ལགས་ཁོང་གི་སྡོད་གནས་ལ་འབྲེལ་ཡོད་ལས་བྱེད་ཁག་ཅིག་སླེབས་ནས་གནད་དོན་དེའི་ཐད་རྩད་གཅོད་བྱེད་དགོས་པ་བརྗོད་ནས་ཁྲིད་འདུག ཕ་རེ་སི་རིག་མུ་སི་གྷེམིས་འགྲེམས་སྟོན་ཁང་གི་མདུན་དུ་བོད་མི་བོད་དོན་རྒྱབ་སྐྱོར་བ་ཚོས་སླར་ཡང་ངོ་རྒོལ་ལས་འགུལ་སྤེལ་འདུག Anchor- Guru Choekyi Producer:Nordhey Dolma