བརྙན་འཕྲིན་གསར་འགྱུར། ༢༠༢༣།༠༡།༡༧

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བརྙན་འཕྲིན། ༢༠༢༣།༠༡།༡༧ RFA Tibetan TV –January 17, 2023 ཐེངས་འདིའི་བརྙན་འཕྲིན་ནང་། ༡ ད་ལྟ་རྒྱ་ནག་གི་བཙོན་དུ་ཚེ་བཙོན་གྱི་ཁྲིམས་ཆད་འཁུར་བཞིན་པའི་ཚོང་པ་རྡོ་རྗེ་བཀྲི་ཤིས་ལགས་ཀྱི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གྲྭ་བཞི་བཙོན་ཁང་གི་མདུན་དུ་ཡོངས་ཁྱབ་ཐོག་ཁོང་གི་སྤུན་མཆེད་ལ་ཐུགས་འཕྲད་ཡོང་བར་འབོད་སྐུལ་བྱས་འདུག ༢ ཨ་མེ་རི་ཀའི་ནང་གི་བོད་མིའི་ཐོག་སོ་མྱུལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་པའི་གྲོང་ཁྱེར་ནེའུ་ཡོག་གི་ཉེན་རྟོག་པ་པདྨ་དར་རྒྱས་ངག་དབང་ལ་ད་ཆ་གཞུང་གིས་གྱོད་གཏུགས་བྱེད་རྒྱུ་ཕྱིར་འཐེན་བྱས་འདུག ༣ བལ་ཡུལ་ནང་འདས་པའི་ལོ་སུམ་ཅུའི་རིང་བྱུང་མྱོང་མེད་པའི་གནམ་གྲུ་བརྡབ་སྐྱོན་གྱི་གོད་ཆག་འོག་མིག་སྔར་ཉུང་མཐའ་མི་གྲངས་༦༨རྐྱེན་འདས་ཕྱིན་པ་ར་སྤྲོད་བྱུང་འདུག Anchor:Chakmo Tso Producer:Tamdin Wangchuk