བརྙན་འཕྲིན་གསར་འགྱུར། ༢༠༢༤།༠༣།༡༩

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྙན་འཕྲིན། ༢༠༢༤།༠༣།༡༩ ཐེངས་འདིའི་བརྙན་འཕྲིན་ནང་། ཨ་རིའི་ནང་མི་རིགས་ནག་པོའི་སྤྱི་དམངས་ཀྱི་ཐོབ་ཐང་དང་། རང་དབང་བརྩོན་ལེན་གྱི་དབུ་ཁྲིད་དང་། སློབ་དཔོན་མར་ཊིན་ལུ་ཐར་ཀིང་ གི་སྲས་ མར་ཊིན་ལུ་ཐར་ཀིང་ ༣ པ་བཞུགས་སྒར་དུ་ཆེད་བཅར་གྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་འདུག བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༤དང་༢༥ ལོའི་བཀའ་ཤག་གིས་ཕྱོགས་བསྡོམས་འགྲོ་གྲོན་གྱི་དགོས་དངུལ་རྒྱ་གར་སྒོར་ས་ཡ་སུམ་སྟོང་སུམ་བརྒྱ་སོ་གཅིག་གམ ཨ་སྒོར་ས་ཡ་བཞི་བཅུ་ལྷག་གྲོས་ཚོགས་ལ་འཆར་འབུལ་གནང་བ་དང་། ཉག་ཆུ་རྫོང་མགར་ར་གྲོང་ཚོའི་མེ་སྐྱོན་ཁྲོད་དུད་ཁྱིམ་ཁག་ཅིག་གི་སྡོད་ཁང་མེས་འཚིག་པ་དང་མེ་ད་དུང་གསོད་ཐུབ་མེད་པའི་གནས་ཚུལ་དང་། གླེང་མོལ་གྱི་ལེ་ཚན་བཅས་ཡོད། RFA Tibetan TV Program- March 19, 2024 Anchor: Palden Gyal Producer: Passang Dhonden