བརྙན་འཕྲིན་གསར་འགྱུར། ༢༠༢༣།༠༢།༡༨

ཐེངས་འདིའི་བརྙན་འཕྲིན་གསར་འགྱུར་ནང་། · སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ནང་ས་གནས་ཀྱི་དཔོན་རིགས་དང་མཇལ་ཕྲད་གནང་ཞིང་། ཁུལ་དེའི་བོད་མི་དང་ལྷག་པར་གཞོན་སྐྱེས་ཚོར་བོད་མིའི་འཐབ་རྩོད་ཀྱི་གནས་བབ་སྐོར་ངོ་སྤྲོད་གནང་ཡོད་པ། · ངོར་༧ཀླུ་ལྡིང་མཁན་ཆེན་མཆོག་གི་སྐུ་གདུང་ཞུགས་འབུལ་ཞུས་ཡོད་ཅིང་། གདུང་ཐལ་དང་གདུང་རུས། རིང་སྲེལ་སོགས་ཀྱིས་སྐུ་གདུང་མཆོད་རྟེན་བཞེངས་ཏེ་དད་རྟེན་དུ་ཉར་ཚགས་གནང་རྒྱུ་ཡིན་འདུག · རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆུང་གིས་རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་དང་རིག་གཞུང་། སྐད་ཡིག་བཅས་པ་རྩ་མེད་གཏོང་ཆེད་བོད་ཕྲུག་རྣམས་གཏན་འཇགས་སློབ་གྲྭར་བཅུག་པའི་ཐད་བསྐྱར་ཞིབ་ཀྱི་ལྷན་ཚོགས་ཐོག་དྲི་ཞིབ་གནང་འདུག Anchor: Tashi Wangchuk Producer: Yeshi Tashi