བརྙན་འཕྲིན་གསར་འགྱུར། ༢༠༢༣།༠༦།༡༥

• ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ན་ལེན་ཌའི་ནང་པའི་རྗེས་འཇུག་པ་ཁག་ཅིག་ལ་མཇལ་ཁ་བསྩལ་གནང་མཛད་ཅིང་། དུས་རབས་ཉེར་གཅིག་པ་འདིའི་ནང་འཕྲུལ་ཆས་ཡར་རྒྱས་ཇི་ཙམ་སོང་ཡང་། འཕྲུལ་ཆས་ཀྱིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་མི་ཐུབ་པ་བཀའ་གནང་འདུག • སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནིའུ་ཛི་ལེནཌི་དང་ཨའོསི་ཊརེ་ལི་ཡའི་ནང་གི་ཕྱོགས་སྐྱོད་དབུ་འཛུགས་གནང་ཞིང་། ཕྱི་ཚེས་ ༡༤ ཕྱི་དྲོ་ནིའུ་ཛེ་ལེནཌ་དུ་ཕེབས་འབྱོར་ཐོག་ Auckland ཁུལ་དུ་ཡོད་པའི་བོད་མི་ཚོར་མཇལ་འཕྲད་སོགས་གནང་འདུག • བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་གིས་བོད་མི་ཁྱིམ་ཚང་རེ་རེའི་ནང་མི་བཟོས་སྲུང་སྐར་གྱི་སྡེར་མ་ཡོད་མིན་ཞིབ་དཔྱོད་བྱེད་བཞིན་འདུག