མང་གཙོ་མནའ་འབྲེལ་ཚོགས་པའི་གདོང་འདུས་སྐྱིད་འཛོམས།

ཨའོས་ཊེ་ལི་ཡའི་མ་འོངས་ཆབ་སྲིད་ཀྱི་མདུན་ལམ་འདི་ཨའོས་ཊེ་ལི་ཡས་ཐག་གཅོད་བྱ་དགོས་པ་ལས་རྒྱ་ནག་གིས་བྱ་མི་འོས་ཞེས་པའི་བརྗོད་ཚིག་འོག་ཨའོས་ཊེ་ལེ་ཤི་ཡ་བོད་མི་མང་སྤྱི་འཐུས་ཟུར་པ་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་སྣེ་ཁྲིད་གནང་སྟེ་རྒྱ་ནག་ལ་ཁ་གཏད་སླད་མང་གཙོ་མནའ་འབྲེལ་ཆབ་སྲིད་ཚོགས་པ་བཙུགས་ཏེ། ཆབ་སྲིད་ཚོགས་པ་དེའི་འཐུས་མི་ལྔས་ཨའོས་ཊེ་ལི་ཡ་གྲོས་ཚོགས་གོང་འོག་གི་འོས་བསྡུའི་འགྲན་རྩོད་ནང་ཞུགས་ཏེ། ཨའོས་ཊེ་ལི་ཡའི་འོས་བསྡུའི་ནང་ཞུགས་ནས་འགྲན་རྩོད་ཀྱི་དམིགས་ཡུལ་དང་དགོས་མཁོ་སོགས་ཀྱི་ཐད་སྤྱི་ཟུར་གདོང་འདུས་སྐྱིད་འཛོམས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ། “A Future Made in Australia, Not in China”, Kyinzom Dhongdue led newly formed political party, Democratic Alliance challenges China’s “interference” while contending for a parliamentarian election 2022 in Australia. In conversation with Kyinzom Dhongdue to discuss the journey. Host: Tashi Wangchuk Producer: Yeshi Tashi