བརྙན་འཕྲིན་གསར་འགྱུར། ༢༠༢༤།༠༨།༠༣

ཐེངས་འདིའི་བརྙན་འཕྲིན་གསར་འགྱུར་ནང་། རྒྱ་ནག་གཞུང་གིས་རྔ་པ་ཀིརྟི་དགོན་པའི་སློབ་ཕྲུག་ཚོ་སླར་ཡང་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་གཏོང་འཇུག་བཞིན་ཡོད་འདུག རྩེད་མོའི་ལམ་ནས་མི་རིགས་གཞན་ལ་བོད་པའི་ཆབ་སྲིད་ཀྱི་གནས་སྟངས་འགྲེལ་བརྗོད་གནང་རྒྱུ་གལ་ཆེ་ཡིན་པ་སྲིད་སྐྱོང་མཆོག་གིས་ཁེ་ན་ཌར་རྩེད་བཞིན་པའི་རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་བཞི་པའི་རྩེད་འགྲན་པ་ཚོར་གསུངས་འདུག ཆོས་དབྱིངས་སྐྱིད་ལགས་ཕྱི་ཟླ་ ༨ ཚེས་ ༧ ཉིན་ཨོ་ལིམ་པིཀསི་ཀྱི་སྐྱེས་པ་དང་བུད་མེད་མཉམ་བསྲེས་ཀྱི་འདུར་རྒྱུག་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་འདུག Anchor: Tashi Wangchuk Producer: Nordhey Dolma