བརྙན་འཕྲིན་གསར་འགྱུར། ༢༠༢༣།༠༤།༠༦

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བརྙན་འཕྲིན། ༢༠༢༣།༠༤།༠༦ ཐེངས་འདིའི་བརྙན་འཕྲིན་ནང་། མ་སུ་རི་དགེ་ལས་སློབ་ཟུར་དང་པནཆ་མ་རི་སློབ་ཟུར་ཐོུང་གིས་བརྟན་བཞུགས་བསྟར་འབུལ་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་ཡུན་དུ་བརྟན་རྒྱུའི་ཞལ་བཞེས་སྨིན་སྩོལ་བྱུང་ཞིང་། བརྟན་བཞུགས་སུ་བཅར་མཁན་རྣམ་པས་ད་རེས་ཀྱི་གོ་སྐབས་འདི་ནི་མི་ཚེའི་ནང་གི་དོན་སྙིང་ཆེ་ཤོས་སུ་ངོས་འཛིན་གནང་གི་འདུག ཐེ་ཝན་སྲིད་འཛིན་ཚའེ་ཡིང་ཝེན་དང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མེཀར་ཐི་མཆོག་མཇལ་འཕྲད་གནང་ཞིང་། འདི་ནི་ཨ་རིའི་ཆབ་སྲིད་ཚོགས་པ་ཟུང་སྦྲེལ་གྱི་གནད་དོན་ཡིན་པ་ཚོགས་གཙོའི་ལས་ཁུངས་ཀྱིས་བསྒྲགས་འདུག བོད་མི་ཚོར་མི་རིགས་གཞན་དང་གཅིག་མཚུངས་ཀྱི་ཆོས་དད་རང་དབང་གི་ཐོབ་ཐང་དགོས་པ་ཨ་རིའི་གྲོས་ཚོགས་འཐུས་མི་མཡེཀེལ་མེཀཽལ་མཆོག་གིས་གསུངས་པ་དང་། བོད་རྒྱའི་དཀའ་རྙོག་སེལ་རྒྱུར་སྐུལ་དེད་གཏོང་བའི་ཁྲིམས་འཆར་ལ་གྲོས་ཚོགས་འོག་མའི་ནང་མངོན་ཐོན་རྒྱབ་སྐྱོར་གྱི་ས་རྟགས་བཀོད་མཁན་ ༡༣ ཙམ་བྱུང་འདུག་པ་སོགས་དང་གླེང་མོལ་གྱི་ལེ་ཚན་བཅས་ཡོད། RFA Tibetan TV – April 6, 2023 Anchor: Tashi Wangchuk Producer: Passang Dhonden