བརྙན་འཕྲིན་གསར་འགྱུར། ༢༠༢༡།༠༩།༣༠།

•༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བཙུགས་ནས་ལོ་ ༢༥ འཁོར་བར་འཚམས་འདྲིའི་གསུང་འཕྲིན་སྩལ་བའི་ནང་། གནས་ཚུལ་འགྲོ་འོང་གི་རང་དབང་མེད་པའི་ས་ཁུལ་ཁག་ནང་གནས་ཚུལ་སྤེལ་ཐབས་ཀྱི་ལས་དོན་གཉེར་བཞིན་པར་བསྔགས་བརྗོད་ཡོད་པ་བཀའ་གནང་འདུག •རྒྱ་ནག་གཞུང་གིས་བཏོན་པའི་བོད་ཐོག་ལ་རྒྱབ་ཤ་དཀར་པོར་བོད་མིའི་སྒྲིག་འཛུགས་ཀྱིས་ལན་འདེབས་གནང་པ། •དབྱིན་ཡུལ་ཁ་གཏད་ལས་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བོད་ཀྱི་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཐུགས་ཚབས་ཡོད་པ་གསུངས་འདུག