བོད་ཀྱི་སྨན་རྩིས་ཁང་དུ་ཕྱི་རྒྱལ་སློབ་ཕྲུག་ཚོར་སློབ་ཁྲིད་བྱེད་ཕྱོགས།

གླེང་མོལ་ལས་རིམ་ནང་། བོད་ཀྱི་སྨན་རྩིས་ཁང་ནས་ཕྱི་རྒྱལ་སློབ་ཕྲུག་ཆེད་དུ་བོད་ལུགས་གསོ་རིག་དཀའ་བཅུ་སྨན་པའི་ལག་ཁྱེར་སློབ་ཚན་འགོ་བཙུགས་གནང་ཡོད་པ་དེའི་དམིགས་ཡུལ་སོགས་ཀྱི་སྐོར་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲིས་ལགས་དང། སྀཔེན་ནས་ཡིན་པའི་སློབ་མ་བདེ་སྐྱིད་སྒྲོལ་མ་ལགས་གཉིས་དང་ལྷན་དུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་གླེང་མོལ་གནང་བ་ཞིག་གསན་རོགས་ཞུ།