བརྙན་འཕྲིན་གསར་འགྱུར། ༢༠༢༢།༠༦།༢༣

ཨ་རིའི་རྒྱལ་སར་འཛམ་གླིང་འཛམ་གླིང་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དོན་ལ་རྒྱབ་སྐྱོར་བྱེད་པ་ནི་བདེན་པར་རྒྱབ་སྐྱོར་བྱེད་པ་ཞིག་ཡིན་བཀའ་གནང་པ་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་བཟུང་བཞིན་པའི་སྲིད་བྱུས་ནི་མི་རིགས་རྩ་མེད་ཀྱི་བྱ་ཐབས་ཤིག་ཡིན་པ་གསུངས་འདུག བདེ་མཆོག་ལུ་ཡི་པའི་བཀའ་དབང་ཞུ་རྒྱུར་མ་མཐར་བྱང་ཆུབ་ཀྱི་སེམས་ཀྱི་ཉམས་ལེན་ལ་འདུན་པ་གཏིང་ཟབ་ཡོད་པ་དང་། སྟོང་པ་ཉིད་ཀྱི་དོན་ལ་གོ་བ་ལོན་པ་ཞིག་དགོས་རྒྱུ་གལ་ཆེ་ཡིན་པ་གསུང་གི་འདུག Anchor: Kalden Lodoe Producer: Nordhey Dolma