བརྙན་འཕྲིན་གསར་འགྱུར། ༢༠༢༢།༠༡།༠༨

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བརྙན་འཕྲིན། ༢༠༢༢།༠༡།༠༨ RFA Tibetan TV January 08, 2021 ༡) ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ བཤད་པ་རྐྱང་པ་མ་ཡིན་པར་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་རྒྱུད་ཐོག་ལ་མྱོང་སྟེ་ཡར་རྒྱས་ཕྱིན་པ་ཡིན་ན་འཕགས་བོད་ལོ་པཎ་རྣམ་པའི་གཞུང་ལུགས་བརྩམས་པའི་དགོས་དོན་བསྒྲུབས་པ་རེད་ཅེས་བཀའ་སློབ་བསྩལ་པ། ༢) རྒྱ་ནག་ཉེན་རྟོག་པས་བྲག་འགོ་རྫོང་གི་དགོན་གྲོང་གཉིས་ནས་བོད་མི་བཅུ་ལྷག་འཛིན་བཟུང་དང་མནར་གཅོད་རྡུང་རྡེག་བཏང་བ། ༣) ཨ་མི་རི་ཀས་རྒྱ་ནག་གཞུང་ལ་བྲག་འགོ་རྫོང་ཁོངས་སྟོན་པའི་སྐུ་བརྙན་གཏོར་བཤིག་བཏང་བར་ཐུགས་འཚབ་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་གིས་བོད་མི་ཚོའི་ཐོག་དྲག་སྤྱོད་སྤེལ་པའི་གནས་ཚུལ་མཚམས་འཇོག་བྱེད་ཐབས་གནང་རྒྱུ་ཡིན་པ་གསུངས་པ། Anchor:Tashi Wangchuk Producer:Tamdin Wangchuk