བོད་ཀྱི་སྐད་ཡིག་སློབ་ཁྲིད། དང་མཉམ་ནུབ་ཕྱོགས་སྤྱི་ཚོགས།

ཨ་རིའི་ནེའུ་ཡོག་དང་ནེའུ་འཇར་སེ་བོད་པའི་སྤྱི་མཐུན་ཚོགས་པའིགཟའ་མཇུག་སློབ་གྲྭའི་སློབ་སྤྱི་ཚེ་རིང་སྟོབས་རྒྱལ་ལགས་དང་། ཤེས་རིག་ལས་ཁུངས་ནང་ལོ་མང་རིང་བྱིས་པའི་ཀློག་དེབ་དང་། ཕ་ཡུལ་དུས་དེབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས། དེ་བཞིན་ཁེ་ན་ཌའི་སློབ་གྲྭ་ཞིག་གི་ནང་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་བཞིན་པ་བཀྲ་ཤིས་སྟོབས་རྒྱལ་ལགས་བཅས་དང་མཉམ་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་ཀྱི་བོད་པའི་ཕྲུ་གུ་ཚོར་བོད་སྐད་དང་། བོད་ཡིག་སློབ་ཁྲིད་ཀྱི་ཐབས་ལམ། དེ་བཞིན་ཕ་མའི་ལས་འགན་སོགས་ཀྱི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་དཔལ་ལྡན་རྒྱལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་གཟིགས་གནང་རོགས།