འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནི་བཙན་བྱོལ་ནང་གི་བོད་པའི་དགོན་སྡེ་ཆེ་ཤོས་ཤིག་ཡིན་ཞིང་། དགེ་འདུན་པ་ཞལ་གྲངས་ ༣༥༠༠ ཙམ་ཡོད་པ་རེད། དེ་རིང་གླེང་མོལ་གྱི་ལེ་ཚན་ནང་། བློ་གསལ་གྲྭ་ཚང་དང་ཨ་རིའི་གྲགས་ཅན་གཙུག་ལག་སློབ་ཆེན་ཨེ་མོ་རི་དབར་ལོ་ངོ་ཉི་ཤུ་རྩ་ལྔའི་གོང་འབྲེལ་བ་བྱུང་སྟངས་དང་། མཉམ་ལས་ཇི་སྤེལ། འབྲེལ་ལམ་དེ་བརྒྱུད་ཤེས་ཡོན་ལྟེ་གནས་ཁང་སོ་སོར་ཕན་ཐོགས་ཇི་བྱུང་སོགས་དང་འབྲེལ་བའི་སྐོར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་པོ་དགེ་བཤེས་བློ་བཟང་བསམ་གཏན་ལགས་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་སྐལ་ལྡན་བློ་གྲོས་ལགས་དབར་གླེང་མོལ་ཞུས་པ་དེ་གསན་གཟིགས་གནང་རོགས་གནང་།
An interview with Geshe Lobsang Samten, Abbot of Drepung Loseling Monastery about the Emory-Tibet partnership which marks silver jubilee and renews MOU to continue the collaboration.
Host: Kalden Lodoe
Producer:Nordhey Dolma