ཤུག་ལ་བདེ་སྐྱིད། བཙན་བྱོལ་ནང་བོད་པའི་བུད་མེད།

དེ་རིང་གླེང་མོལ་གྱི་ལེ་ཚན་ནང་། ཉེ་ལམ་ YouTube སྤྱི་ཚོགས་དྲྭ་ལམ་ཐོག་སོ་སོའི་མི་ཚེའི་འགྲུལ་བཞུད་ནང་དཀའ་ངལ་དུ་མ་ཕྲད་པ་འགྲེལ་བརྗོད་ཀྱིས། དཀའ་ངལ་་དེ་དག་ལ་གདོང་ལེན་བྱེད་ཕྱོགས་དང་། མཐར་ཚོང་གཉེར་ལམ་ལྷོང་བྱུང་ནས་ཕྱུག་བདག་ཏུ་གྱུར་པའི་ཨ་ཅག་ཤུག་ལ་བདེ་སྐྱིད་ལགས་དང་ལྷན་དུ་བཙན་བྱོལ་ནང་བོད་པའི་བུད་མེད་ཀྱི་ནུས་པ་དང་། སྤྱི་ཚོགས་ནང་བོད་ཀྱི་བུད་མེད་ཚོར་ཕྲད་བཞིན་པའི་དཀའ་ངལ་སོགས་ཀྱི་གནད་དོན་སྐོར་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གླེང་མོལ་ཞུས་པར་གཟིགས་རོགས་ཞུ།