བརྙན་འཕྲིན་གསར་འགྱུར། ༢༠༢༣།༠༡།༠༥

• ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧གོང་ས་ཏཱ་ལའི་བླ་མའི་བོད་དང་རྒྱ་གར་གྱི་གནའ་རབས་རིག་གཞུང་བསྟི་གནས་ཁང་གི་རྨང་གཞི་འདིང་འཇོག་གི་མཛད་སྒོའི་སྐབས། ང་ཚོ་རྒྱ་གར་ལྟ་བུ་འཚེ་བ་མེད་པའི་ལྟ་གྲུབ་ཉམས་ལེན་བྱ་ཡུལ་དང་། ཆོས་ལུགས་རིས་མེད་ལ་མོས་པ་བྱེད་མཁན་གྱི་ཡུལ་གྲུ་ཞིག་ཏུ་སྐྱབས་བཅོལ་དུ་སླེབས་པ་དེས་གོ་སྐབས་དམིགས་བསལ་ཅན་ཞིག་བྱུང་ཡོད་པ་བཀའ་གནང་འདུག • དཔལ་ས་སྐྱ་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་༧སྐྱབས་རྗེངོར་ཀླུ་ལྡིང་མཁན་རིན་པོ་ཆེ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་དགོངས་པ་གཞན་དོན་དུ་གཤེགས་ཏེ་ཉིན་གསུམ་རིང་ཐུགས་དམ་དུ་བཞུགས་ཡོད་འདུག • བོད་ནང་ཏོག་དབྱིབས་རིམས་ནད་དམ་དྲག་ལྷུག་གཏོང་བྱས་རྗེས་ཕྱི་ཟླ་ ༡ ཚེས་ ༢ ཉིན་སྟེ་ཉིན་གཅིག་ནང་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་མི་གྲངས་བརྒྱ་ལྷག་འདས་གྲོངས་སུ་ཕྱིན་འདུག