ཨ་མི་རི་ཀའི་ནང་རྒྱ་ནག་གི་མཉེན་ཆས་གཉིས་བེད་སྤྱོད་བཀག་འགོག

2020-09-19
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་མི་རི་ཀའི་ནང་རྒྱ་ནག་གི་མཉེན་ཆས་གཉིས་བེད་སྤྱོད་བཀག་འགོག་གི་བཀའ་རྩ་གསལ་བསྒྲགས།
ཨ་མི་རི་ཀའི་ནང་རྒྱ་ནག་གི་མཉེན་ཆས་གཉིས་བེད་སྤྱོད་བཀག་འགོག་གི་བཀའ་རྩ་གསལ་བསྒྲགས།
Reuters

ཚོང་དོན་མི་སྣ་ཚོས་ཨ་རིའི་སྲིད་འཛིན་ཁྲིམས་ཁང་དུ་བསྐྱེལ་ཡང་།  ཨ་མི་རི་ཀའི་ཊྲམཔ་གཞུང་འཛིན་གྱིས་ཕྱི་ཟླ་ ༩ ཚེས་ ༢༠ ནས་རྒྱ་ནག་གི་ཁ་པར་མཉེན་ཆས་ TIKTOK དང་སྐད་འཕྲིན་ WeChat འབྲེལ་བའི་ཚོང་དོན་དང་དཔལ་འབྱོར་གཏོང་ལེན་བཀག་འགོག་བྱ་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།  རྒྱལ་སྲུང་གནད་དོན་དབྱེ་ཞིབ་པས་ཨ་རིའི་གཞུང་གི་ཐག་གཅོད་འདི་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་དུས་རང་སོར་གནས་སྲིད་པ་དང་འདི་ནི་རྒྱ་ནག་གིས་དེ་སྔ་ཨ་རིའི་མཉེན་ཆས་བཀག་འགོག་བྱས་པའི་མཇུག་འབྲས་ཤིག་ཀྱང་ཡིན་པ་གསུངས་ཡོད་པ་རེད།    བཀྲིས་དབང་ཕྱུག་ལགས་ཀྱིས་དཔྱད་གཏམ་གྱི་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།

མཆན། (0)
Share
དྲ་གནས་ཆ་ཚང༌།