བོད་ས་ཕྱོཊ་གཞན་ནས་ལྷ་སར་འགྲོ་མཁན་རྣམས་འཛིན་བཟུང༌།
2011.12.19
གསར་འགྱུར་ལ་གསན་རོགས། |
༄༅༎བོད་ཀྱི་ས་ཕྱོགས་གཞན་ནས་ལྷ་སར་གནས་མཇལ་དུ་ཕེབས་མཁན་རྣམས། དེང་སྐབས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས། ལྷ་སའི་ཤར་ཕྱོགས་ཚལ་གུང་ཐང་དུ་ཡོད་པའི་བཙོན་ཁང་ཞིག་གི་ནང་དོ་དམ་བཀག་ཉར་འོག་འཇོག་བཞིན་ཡོད་པའི་སྐོར། ཉེ་ལམ་བོད་ནས་རྒྱ་གར་ནང་ཕེབས་ཏེ། ད་ལྟ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པར་འབྱོར་ཡོད་པའི་དགེ་འདུན་པ་ བློ་བཟང་ལགས་ཀྱིས་རང་གིས་མིག་མཐོང་བྱུང་ཡོད་པའི་ཚུལ་རྣམས། འདི་གའི་རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་ངོ་སྤྲོད་གནང་བར་གསན་རོགས་གནོངས༎