ཅེག་གྱི་གྲགས་ཅན་གསར་འགོད་པ་ཞིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངའི་ལག་པ་ཁོང་གི་ཕྱག་གིས་འཇུས་གནང་བ་དེ་ཚོར་དུས། དེས་ངས་སོ་སོའི་མི་ཚེའི་ནང་བསམ་བློ་བརྟན་པོ་དང་བློ་ཁོག་ཆེན་པོ་དགོས་གལ་ཆེ་བ་ཚོར་བྱུང་། འོན་ཀྱང་སྐབས་རེ་ལྷོད་པོ་ཡང་དགོས་ཏེ་དེ་ལྟར་མ་བྱེད་ན་རང་ཉིད་ཀྱི་ངོ་བོ་བརླག་ཉེན་ཡོད་པ་ཚོར་བྱུང་” ཞེས་གསུངས་བྱུང་།

ཧི་མ་ལ་ཡའི་རི་བརྒྱུད་དུ་ཤེས་ཡོན་གྱི་ལས་འཆར་ཐོག་རོགས་སྐྱོར་གནང་མཁན་ཅེག་གྱི་གྲགས་ཅན་གསར་འགོད་པ་ཞིག་གིས་༧གོང་ས་མཆོག་གི་མཇལ་ཁ་ཞུས་པ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཤེས་ཡོན་ཐོག་ལ་ཪོགས་སྐྱོར་གནང་རྒྱུ་འདི་ཆོས་ཕྱོགས་ཀྱི་ཐོག་སྐད་ཆ་མ་བཤད་ནའང་། མི་ལ་རོགས་བྱེད་རྒྱུ་འདི་ཡ་རབས་རེད། ཆོས་ཀྱི་ཐོག་ནས་བཤད་ན་འདི་ནི་སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱི་སྡེ་རེད་ཅེས་ལ་དྭགས་ཀྱི་མུལ་བྷེཀ་དང་། བལ་ཡུལ་ནང་གི་གློ་སྨོན་ཐང་། ཧི་མ་ཅལ་མངའ་སྡེའི་སྤི་ཏི་བཅས་ནང་གི་སློབ་གྲྭ་གསུམ་ལ་ལོ་ངོ་བཅོ་བརྒྱད་ལྷག་རིང་ཤེས་ཡོན་གྱི་རྒྱབ་སྐྱོར་གནང་བཞིན་པ། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་འགོད་པ་དང་རྩོམ་པ་པོ་གྲགས་ཅན་ལུ་སི་ཡ་ལྦི་བྷོར་ན་ (Lucie výborná) ལགས་གཙོས་པའི་ཧི་མ་ལ་ཡའི་རོགས་མགོན་ (Himalayan Patron) ཚོགས་པའི་ཚོགས་མི་ཉི་ཤུས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པའི་སྐབས་བཀའ་སློབ་ཕེབས་ཡོད་པ་རེད།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་འགོད་པ་དང་རྩོམ་པ་པོ་གྲགས་ཅན་ལུ་སི་ཡ་ལྦི་བྷོར་ན་ (Lucie výborná) ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བཀའ་མོལ་གནང་བཞིན་པ། ༢༠༢༦།༥།༧
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་འགོད་པ་དང་རྩོམ་པ་པོ་གྲགས་ཅན་ལུ་སི་ཡ་ལྦི་བྷོར་ན་ (Lucie výborná) ལགས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་འགོད་པ་དང་རྩོམ་པ་པོ་གྲགས་ཅན་ལུ་སི་ཡ་ལྦི་བྷོར་ན་ (Lucie výborná) ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བཀའ་མོལ་གནང་བཞིན་པ། ༢༠༢༦།༥།༧ (RFA Tibetan)

ལུ་སི་ཡ་ལྦི་བྷོར་ན་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕོ་བྲང་གི་འབྲེལ་ཡོད་ལས་བྱེད་ཅིག་གིས་ཇི་ལྟར་གསུངས་པ་ལྟར། དེ་སྔ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཝསི་ལབ་ཧ་ཝལ་ (Vaclav Havel) མཆོག་དགོངས་པ་མ་རྫོགས་པའི་བདུན་ཕྲག་གཉིས་ཀྱི་གོང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཅེག་རྒྱལ་ཁབ་ནང་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། སྐབས་དེར་སྲིད་འཛིན་ཟུར་པ་མཆོག་གིས་༧གོང་ས་མཆོག་གི་མཇལ་ཁ་ཞུ་འདོད་གནང་བ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་ཆེན་པོས་མཇལ་ཕྲད་གནང་སྟེ་བྱིན་གྱིས་རླབས་པའི་སྐོར་ཐོས་དུས་དགའ་ཚོར་ཆེན་པོ་བྱུང་། ཐེངས་འདིར་ངས་མཇལ་ཁའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངའི་ལག་པ་ཁོང་གི་ཕྱག་གིས་འཇུས་གནང་བ་དེ་ཚོར་དུས། དེས་ངས་སོ་སོའི་མི་ཚེའི་ནང་བསམ་བློ་བརྟན་པོ་དང་བློ་ཁོག་ཆེན་པོ་དགོས་གལ་ཆེ་བ་ཚོར་བྱུང་། འོན་ཀྱང་སྐབས་རེ་ལྷོད་པོ་ཡང་དགོས་ཏེ་དེ་ལྟར་མ་བྱེད་ན་རང་ཉིད་ཀྱི་ངོ་བོ་བརླག་ཉེན་ཡོད་པ་ཚོར་བྱུང་” ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཧི་མ་ལ་ཡའི་རོཊ་མགོན་གསར་འཛུགས་གནང་མཁན་དང་ཚོགས་གཙོ་ (Jiri Sazel) ལགས། ༢༠༢༦།༥།༧
ཧི་མ་ལ་ཡའི་རོཊ་མགོན་གསར་འཛུགས་གནང་མཁན་དང་ཚོགས་གཙོ་ (Jiri Sazel) ལགས། ཧི་མ་ལ་ཡའི་རོཊ་མགོན་གསར་འཛུགས་གནང་མཁན་དང་ཚོགས་གཙོ་ (Jiri Sazel) ལགས། ༢༠༢༦།༥།༧ (RFA Tibetan)

ཚོགས་པ་དེ་ཐོག་མར་གསར་འཛུགས་གནང་མཁན་དང་ཚོགས་གཙོ་འཇི་རི་ས་ཛཱལ་ (Jiri Sazel) ལགས་ཀྱིས། “༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ཕྱི་ལོ་ ༢༠༡༠ དང་ ༢༠༡༡ ལོར་ཧིན་སྒོར་འབུམ་ ༩༠ ལྷག་ལ་དྭགས་ཀྱི་མུལ་བྷེག་སློབ་གྲྭར་སྐྱབས་འཇུག་གསོལ་རས་གནང་ཡོད་པ་རེད་ལ། ༧གོང་ས་མཆོག་དེ་སྔ་ཐེངས་གཉིས་མུལ་བྷེག་ཏུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད། འཛམ་གླིང་ནང་བོད་ཀྱི་རིག་གཞུང་གནས་སའི་ས་ཆ་མཐའ་མ་དེ་དག་ནང་སློབ་མའི་ཤེས་ཡོན་ཐོག་རྒྱབ་སྐྱོར་བྱེད་ཐུབ་པར་ང་ཚོ་ཧ་ཅང་བསོད་ནམས་ཆེན་པོ་ཚོར་གྱི་འདུག ང་ཚོས་ས་ཁུལ་དེ་དག་གི་ནང་ཤེས་ཡོན་ཐད་རྒྱབ་སྐྱོར་ཞུས་པའི་བརྒྱུད། བོད་ཀྱི་རིག་གཞུང་དེ་བཞིན་དེང་རབས་ཅན་དུ་བསྒྱུར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་” ཅེས་གསུངས་བྱུང་།

མཇལ་ཁའི་སྐབས་ཧི་མ་ལ་ཡའི་རོགས་མགོན་ (Himalayan Patron) ཚོགས་པའི་ཚོགས་མི་རྣམས་ཀྱིས་སྟོད་ཐུང་ཐོག་འཁོད་པའི་སྐུ་པར་ནང་དེ་སྔ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཝསི་ལབ་ཧ་ཝལ་ (Vaclav Havel) མཆོག་ཐོག་མར་མཇལ་འཕྲད་གནང་སྐབས་ཀྱི་སྐུ་པར་དེ་གསལ་འདུག

རྩ་བའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཐོག་མ་ཝསི་ལབ་ཧ་ཝལ་ (Vaclav Havel) མཆོག་གིས་ཕྱི་ལོ་ ༡༩༩༠ ཟླ་ ༢ པའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཅེག་རྒྱལ་ཁབ་ནང་ཐོག་མ་གདན་འདྲེན་ཞུས་གནང་ཡོད་ཅིང་། མཇལ་འཕྲད་དེའི་རྗེས་ཅེག་སྤྱི་མཐུན་རྒྱལ་ཁབ་དང་བོད་བར་གྱི་འབྲེལ་བའི་གནས་བབ་དེ་ཧ་ཅང་དམ་ཟབ་ཅིག་འགོ་ཚུགས་ནས། ཅེག་སྤྱི་མཐུན་རྒྱལ་ཁབ་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་གསར་འཛུགས་གནང་བ་དང་། ཉེ་ལམ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་གནད་དོན་ཐད་རྒྱ་ནག་གིས་ཐེ་བྱུས་བྱེད་ན་མི་འགྲིག་ཅེས་པའི་གྲོས་ཆོད་ཅིག་ཟླ་ ༣ ཚེས་ ༢༥ ཉིན་དགག་པ་བསྐྱོན་མཁན་གཅིག་ཀྱང་མེད་པར་གཏན་འབེབས་གནང་ཡོད་པ་རེད།

ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢༧ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་པེ་ཊར་པ་ཝེལ་ (Petr Pavel) མཆོག་ལ་དྭགས་སུ་དངོས་སུ་བཅར་ཏེ། ལ་དྭགས་ཞི་བའི་འཚལ་ཕོ་བྲང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་པའི་འགོ་ཁྲིད་རྣམས་དང་མཇལ་འཕྲད་གནང་ཡོད་པ་རེད།།

ཁ་སྣོན་གསར་འགོད་དང་། བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།