བོད་ཀྱི་བྱམས་བརྩེའི་རིག་གཞུང་གོང་འཕེལ་གཏོང་དགོས།
2017.05.11
ད་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབས་བཞུགས་སྒར་དུ་ཆེད་བཅར་ཞུ་སྐབས་གཞུང་འབྲེལ་གྱི་མཛད་སྒོ་གནང་ཞིང་། ༧གོང་ས་མཆོག་ནས་བོད་མིའི་གོམས་གཤིས་སུ་ཡོད་པའི་བྱམས་བརྩེ་གོང་འཕེལ་གཏོང་དགོས་པའི་བཀའ་སློབ་དང་། ཨ་རིའི་གྲོས་ཚོགས་ཀྱི་སྐུ་མགྲོན་རྣམ་པ་དང་བཙན་བྱོལ་བོད་མིའི་དབུ་ཁྲིད་རྣམ་པས་གསུང་བཤད་གནང་ཡོད་པའི་ཞིབ་ཕྲའི་གནས་ཚུལ་ཞིག་གསན་རོགས་གནང་།
གསར་འགོད་པ་སྒྲོལ་དཀར།