ཨ་རིའི་གྲོས་ཚོགས་ཀྱི་སྤྱི་མཐུན་ཚོགས་པའི་འཐུས་མི་ཁག་ཅིག་གིས་བོད་ཀྱི་བླ་ན་མེད་༷པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་མཛད་འཕྲིན་ལ་ཆེ་བསྟོད་དང་སྦྲགས། ཕྱི་ཟླ་ ༧ ཚེས་ ༦ ཉིན་དགུང་གྲངས་ ༩༡ ཕེབས་པའི་༧སྐུའི་འཁྲུངས་སྐར་ཉིན་མོ་དང་སྟབས་བསྟུན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྒྱུད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་ཞུས་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཛམ་གླིང་ཞི་བདེའི་ཆེད་འཛིན་བཞིན་པའི་དགོངས་གཞི་དང་མཛད་འཕྲིན། བོད་མིར་དཀའ་ངལ་ཆེ་བའི་དུས་རབས་འདིར་ཐུགས་སྟོབས་ཞུམ་པ་མེད་པར་ཞི་བདེ་དང་། རེ་བ། འཛམ་གླིང་མི་མང་ལ་མིག་ལྟོས་བཟང་པོ་སྐྲུན་པའི་མཛད་པ་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་པར་ཆེ་བསྟོད་ཞུས་གནང་གི་འདུག
RFA Exclusive:
— RFATibetan (@rfatibet) July 5, 2026
ཨ་རིའི་གྲོས་ཚོཊ་འོག་མའི་རྒྱ་ནག་ལས་དོན་ཚོཊ་ཆུང་གི་ཚོཊ་གཙོ་དང་སྤྱི་མཐུན་ཚོགས་པའི་འཐུས་མི་ (John Moolenaar) ལགས་ཀྱིས་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ།
US House China Committee Chair John Moolenaar Sends Birthday Greetingshttps://t.co/HmK9LbMiXF pic.twitter.com/IoYp14WmIm
དེ་ཡང་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་འཇོན་མུ་ལེ་ནར་ (John Moolenaar) ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནང་པའི་འཚམས་འདྲིའི་གསུང་འཕྲིན་གྱི་ནང་། "ངས་སྤྱི་ནོར་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་༧འཁྲུངས་སྐར་ལ་འཚམས་འདྲི་ཞུ། ༧གོང་ས་མཆོག་ནི་འཛམ་གླིང་ནང་ཆེས་ཆེར་ངོས་འཛིན་ཞུ་བའི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ཡིན་པ་དང་། ཁོང་གི་ཞེ་བདེའི་དགོངས་གཞིར་ཨ་རིའི་མི་མང་ས་ཡ་མང་པོས་གུས་བརྩི་ཆེན་པོ་ཞུ་ཡི་ཡོད། ༧སྐུའི་འཁྲུངས་སྐར་ནི་༧གང་ཉིད་བཙན་བྱོལ་དུ་བཞུགས་ཡོད་པ་དང་རྒྱ་ནག་དམར་ཤོག་ཚོགས་པས་འཛམ་གླིང་ཡོངས་སུ་བོད་མིའི་རིག་གནས་རྩ་མེད་གཏོང་བའི་ལས་འགུལ་སྤེལ་བ་དང་མཉམ། ༧སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོཊ་ལ་ཐེ་ཇུས་བྱས་ཀྱི་ཡོད་པའི་དྲན་སྐུལ་ཞིག་ཆཊ་ཡོད། རྒྱ་ནག་དམར་ཤོག་ཚོཊ་པས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་དང་སློབ་ཁྲིད་བྱེད་མི་ཆོག་པ་དང་༧གོང་ས་མཆོག་གི་སྐུ་པར་ཚུན་ལ་དམ་དྲག་བྱེད་ཀྱི་ཡོད། བོད་མིའི་སྤྱི་ཚོགས་ཀྱི་སྙིང་སྟོབས་རྒྱུན་སྐྱོང་བྱེད་པ་དེ་བློ་སྐྱེས་ཀྱི་གཞི་རྩ་དང་། ལོ་ངོ་ ༢༥༠ སྔོན་ལ་ང་ཚོའི་རྒྱལ་ཁབ་གསར་འཛུགས་བྱེད་མཁན་གྱི་སྨྲ་བརྗོད་དང་ཆོས་དད་རང་དབང་བཅས་ཚུད་པའི་གཞི་རྩའི་ཁྱད་ཆོས་གཉིས་གཅིག་འགྱུར་ཆཊ་ཡོད་ " ཅེས་འཁོད་འདུག
ཨ་རིའི་གྲོས་ཚོས་འོག་མའི་འཐུས་མི་དང་ཕྱི་འབྲེལ་ཚོཊ་ཆུང་གི་ཚོཊ་ཟུར་མཡེ་ཀལ་མེཀ་ཀོལ་ལཊ་ཀྱིས་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ།
— RFATibetan (@rfatibet) July 5, 2026
Chairman Emeritus Michael McCaul wishes H.H. the Dalai Lama a Happy 91st Birthday.https://t.co/HmK9LbMiXF pic.twitter.com/pkWMnMlDGx
ཡང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་བོད་དོན་ཐོག་ལ་ཁྲིམས་ཡིག་དང་གྲོས་ཆོད་ཀྱི་གྲོས་འཆར་འདོན་མཁན་སྤྱི་མཐུན་ཚོགས་པའི་འཐུས་མི་མཡེ་ཀལ་མེཀ་ཀོལ་ (Michael McCaul) ལཊ་ཀྱིས་འདི་ག་རླུང་འཕྲིན་ཁང་གི་བརྒྱུད་༧གོང་ས་མཆོག་ལ་འཚམས་འདྲི་ཞུས་པའི་ནང་། "རྒྱ་ནག་དམར་ཤོག་ཚོཊ་པའི་ལག་འོག་ནས་མནར་གཅོད་དང་། འགོག་གནོན་། བརྗོད་མི་ཐུབ་པའི་འཚེ་བའི་དྲག་ཤུཊ་ལ་གདོང་ལེན་གནང་དགོས་འཁེལ་ཡང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་སེམས་ཀྱི་ཞི་བདེ་རྒྱུན་སྐྱོང་ཐོག་བྱམས་སྙིང་རྗེ་དར་སྤེལ་གནང་ཡོད་པས་བོད་མི་ཙམ་མིན་པར་འཛམ་གླིང་ཡོངས་ལ་བློ་སྐྱེད་སྤེལ་ཡོད། རྒྱ་ནག་དམར་ཤོག་ཚོགས་པས་བོད་ས་འཕྲོག་ཀྱང་བོད་ཀྱི་རིག་གཞུང་དང་བོད་མིའི་སྙིང་སྟོབས་འཕྲོག་མི་ཐུབ་པ་ཁོང་གིས་དྲན་སྐུལ་གནང་ཀྱི་ཡོད་ལ། འཛམ་གླིང་ལ་བོད་མི་རིགས་ཀྱི་གལ་གནད་ཀྱི་མཚོན་དོན་མེད་པར་བཟོས་ཐུབ་མེད། ཉེ་སྔོན་ཨ་རིའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོཊ་པ་ཟུང་སྦྲེལ་གྱི་སྐུ་ཚབ་འཚོ་ཁག་ཅིག་རྡ་རམ་ས་ལར་སྣེ་ཁྲིད་རྒྱུའི་ངོས་ལ་གོ་སྐབས་ཐོབ་སྟེ་སྐབས་དེར་ང་ཚོས་༧གོང་ས་མཆོག་དང་མཇལ་མོལ་ཞུས་ཡོད། ༧གོང་ས་མཆོག་ལྟ་བུའི་བྱམས་རྩེ་ལྡན་པ་དང་། ཤེས་རབ་དང་དགོད་བྲོའི་རྣམ་པས་ཁེངས་པའི་ཕུལ་བྱུང་གི་མི་སྣ་ངའི་མི་ཚེ་ནང་ལ་མཇལ་མྱོང་ཞེ་དྲགས་མེད། སྐབས་དེར་ང་ཚོས་༧གོང་ས་མཆོག་ལ་མི་རིགས་གཉིས་ཀྱི་མཛའ་འབྲེལ་བརྒྱུད་ཨ་རི་ནི་བོད་མིའི་མཉམ་དུ་ལངས་ཡོད་ཅེས་ཞུ་རྒྱུ་བྱུང་བ་ནི་གཟི་བརྗིད་ཅིག་ཡིན་ལ་ཁོང་གི་ཐུགས་སྤོབས་དང་། ཞི་བདེ། བློས་གཏོང་གི་དབུ་ཁྲིད་སྟངས་ཐད་ཤེས་འདོད་ཡོད། དུས་དེ་ནས་བཟུང་ངས་ཨ་རིའི་སྲིད་གཞུང་གིས་༧གོང་ས་མཆོག་དང་ཁོང་གི་མི་མང་ལ་རྒྱབ་སྐྱོར་ཞུ་བའི་ཁྲིམས་གཞི་མང་པོ་བཏོན་ཡོད་ལ། བོད་མི་ཚོ་ཞི་བདེའི་ངང་རང་ཡུལ་དུ་ལོག་མ་ཐུབ་གྱི་བར་ངས་ཁོང་ཚོའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཆེད་མུ་མཐུད་འཐབ་རྩོད་བྱེད་རྒྱུ་ཡིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ། ང་ཚོ་ཚང་མར་བློ་སྐྱེད་སྤེལ་བར་ཐུགས་རྗེ་ཆེ། ༧སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་" ཞེས་འཁོད་འདུག
RFA Exclusive: ཨ་རིའི་གྲོས་ཚོཊ་དང་འཛིན་སྐྱོང་གི་རྒྱ་ནག་ཆེས་མཐོའི་ལྷན་ཚོཊ་ཀྱི་ཟུང་སྦྲེལ་ཚོཊ་གཙོ་ཁི་རིསི་སིམིཐ་ལཊ་ཀྱིས་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ།
— RFATibetan (@rfatibet) July 5, 2026
CECC Co-chair Chris Smith Salutes HH the Dalai Lama's Legacy of Peace, Compassion, and Religious Freedom on His 91st Birthday pic.twitter.com/Drl5xeI3DA
ཡང་ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་དང་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་གི་ཆེས་མཐོའི་ལྷན་ཚོགས་ཀྱི་ཟུང་སྦྲེལ་ཚོགས་གཙོ་ Chris Smith ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྒྱུད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་ཞུས་པའི་བཀའ་ཡིག་གཅིག་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་གནང་སོན་བྱུང་པའི་ནང་། "སྐུའི་འཁྲུངས་སྐར་དུས་ཆེན་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་ཀྱི་༧སྐུ་ཚེ་ཧྲིལ་པོའི་ཞི་བདེ་དང་བྱམས་སྙིང་རྗེ་། འགྲོ་བ་མིའི་ཆེ་མཐོང་དང་ཆོས་དད་རང་དབང་ཐོག་མཛད་རྗེས་བཞག་གནང་པ་དེས་འཛམ་གླིང་གི་མི་ས་ཡ་མང་པོར་སེམས་འགུལ་ཐེབས་ཡོད། ༧གང་ཉིད་ཀྱི་དབུ་ཁྲིད་དང་བོད་མི་རིགས་དང་དེ་དག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་འགྱུར་བ་མེད་པའི་འཐབ་རྩོད་གནང་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་སྐུ་ཁམས་གསལ་ཞིང་། ཐུགས་བདེ། མུ་མཐུད་ཐུགས་སྐྱེད་འཕེལ་བའི་སྨོན་འདུན་ཞུ། ༧སྐུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་" ཞེས་འཁོད་འདུག
RFA Exclusive:ཨ་རིའི་གྲོས་ཚོཊ་འོག་མའི་འཐུས་མི་ཡང་ཀིམ་ལཊ་ཀྱིས་༧གོང་ས་མཆོག་ལ་འཚམས་འདྲི་ཞུས་པ།
— RFATibetan (@rfatibet) July 5, 2026
Rep. Young Kim Honors HH the Dalai Lama's Enduring Legacy on His 91st Birthdayhttps://t.co/HmK9LbMiXF pic.twitter.com/FJD4k0u3Fu
རྒྱུན་དུ་བོད་དོན་ལ་དོ་སྣང་ཆེན་པོ་ཡོད་པའི་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ Young Kim ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་བརྒྱུད་༧གོང་ས་མཆོག་ལ་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པའི་ནང་། "སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་གྱི་ཉིན་བོད་མི་དང་འཛམ་གླིང་གང་སར་ཡོད་པའི་ཁོང་གི་གྲོགས་པོ་མང་པོའི་མཉམ་ངོ་མཚར་ཆེ་བའི་༧སྐུ་ཚེའི་མཛད་འཕྲིན་ལ་ཆེ་བསྟོད་སྲུང་བརྩི་ཞུ་རྒྱུ་བྱུང་བར་གཟི་བརྗིད་དུ་ངོས་འཛིན་ཞུ། མི་ལོ་ ༦༥ ལྷག་གི་རིང་༧གོང་ས་མཆོག་གིས་ཐུཊ་ཞུམ་མེད་ཀྱི་ངང་བོད་མི་རིགས་ཀྱི་རེ་བ་སྐོང་གནང་མཛད་ཡོད། ཁོང་བཙན་བྱོལ་དུ་བཞུགས་ཏེ་བཙན་གནོན་ལ་སྙིང་རྗེ་དང་། དཀའ་ངལ་ལ་འཛུམ་གདངས་དང་རེ་གཏོད་ཀྱིས་གདོང་ལེན་མཛད་ཡོད། དེ་བརྒྱུད་༧གང་ཉིད་མི་ས་ཡ་མང་པོའི་ཆོས་ལུགས་ཀྱི་དབུ་ཁྲིད་ཙམ་མ་ཟད། འཛམ་གླིང་ཡོངས་ཀྱིས་ཡིད་སྨོན་ཞུ་ཡུལ་གྱི་བཟང་པོའི་འབོད་སྒྲར་གྱུར་ཡོད། ཞི་བདེར་དགའ་བའི་བོད་ཀྱི་མི་མང་ཚོས་ལོ་བཅུ་ཕྲག་མང་པོར་དཀའ་སྡུག་མྱངས་ཀྱང་དད་འདུན་དང་ཐུན་མིན་གྱི་ངོ་བོ་དོར་མེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁྱད་ཆོས་འདི་དག་བཙན་ཤེད་ཀྱིས་འཕྲོག་མི་ཐུབ་པ་དྲན་སྐུལ་མཛད་ཡོད་ལ། བོད་མིར་རང་དབང་ཐོག་ནས་སོ་སོའི་ཆོས་ཉམས་ལེན་བྱེད་རྒྱུ་དང་། སོ་སོའི་མདུན་ལམ་འཚོལ་བའི་འབོད་སྒྲ་སྒྲོག་པའི་རང་དབང་ལྡན་དགོས། ངོས་དང་བོད་མིར་རྒྱབ་སྐྱོར་བྱེད་པར་སྤོབས་པ་ཡོད། དེ་རིང་དམིགས་བསལ་གྱི་ཉིན་མོ་འདིར་ངས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མུ་མཐུད་༧སྐུའི་འཕྲོད་བཞེས་ལེགས་ཞིང། ལོ་མང་རིང་མུ་མཐུད་འཛམ་གླིང་ལ་བྱམས་སྙིང་རྗེ་དང་ཤེས་རབ་ཀྱི་མཛད་པ་རྒྱས་པའི་སྨོན་འདུན་ཞུ་རྒྱུ་ཡིན།་༧གོང་ས་མཆོག་༧འཁྲུངས་སྐར་ལ་འཚམས་འདྲི་ཞུ་" ཞེས་འཁོད་འདུག
ཁ་སྣོན་གསར་འགོད། བཀྲ་དབང་།
པར་རིས་སྒྲིག་བཟོ་བ། ནོར་སྡེ་སྒྲོལ་མ།
