འཇིམ་མེཀ་གྷོ་ཝརཎ་ལཊ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེཊ་གནང་ཡུལ་དུ་ཕེབས་པ།

ཨ་རིའི་གྲོས་ཚོཊ་ཀྱི་འཐུས་མི་འཇིམ་མེཀ་གྷོ་ཝརཎ་ལཊ་བློ་དགའ་རང་བཙན་ལཊ་ཀྱིས་རང་ལུས་མེར་བསྲེཊ་གནང་ཡུལ་དུ་ཆེད་ཕེབས་གནང་སྟེ་ཆེ་བསྟོད་ཞུས་གནང་ཡོད་པ།

ཨ་རིའི་གྲོས་ཚོཊ་ཀྱི་འཐུས་མི་འཇིམ་མེཀ་གྷོ་ཝརཎ་ལཊ་བློ་དགའ་རང་བཙན་ལཊ་ཀྱིས་རང་ལུས་མེར་བསྲེཊ་གནང་ཡུལ་དུ་ཆེད་ཕེབས་གནང་སྟེ་ཆེ་བསྟོད་ཞུས་གནང་ཡོད་པ།

ཕྱི་ཟླ་ ༧ ཚེས་ ༢༦ ཉིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་འཇིམ་མེཀ་གྷོ་ཝརཎ་ལགས་བོད་མི་རང་ལུས་མེར་བསྲེགས་གནང་མཁན་བློ་དགའ་རང་བཙན་ལགས་ཀྱིས་མེར་བསྲེགས་གནང་ཡུལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་ཁོང་གི་སྐུ་ཟླ་དང་བུའི་ལྷན་གདུང་སེམས་མཉམ་སྐྱེད་ཞུ་ཆེད་དུ་ཕེབས་ཡོད་པ་དང་། ཁོང་གིས་བོད་མི་འདུ་འཛོམས་ཡོད་པ་ཚོར་གསུང་བཤད་གནང་སྐབས། ཁོང་གིས་བོད་མི་ཚོས་རེ་བ་མི་ཉམས་པར་གནས་དགོས་ཤིང་། ཁོང་དང་གྲོས་ཚོགས་འཐུས་མི་གཞན་རྣམས་ཀྱིས་མུ་མཐུད་བོད་མི་ཚོར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པ་གསུངས་ཡོད།

ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་མཉམ་འབྲེལ་རྒྱལ་ཚོགས་མདུན་གྱི་བློ་དགའ་རང་བཙན་ལགས་ཀྱིས་རང་སྲེག་གནང་ཡུལ་དུ་ཕེབས་པ། ༢༠༢༦།༧།༢༦
ཨ་རིའི་གྲོས་ཚོགས་འཐུས་མི་འཇིམ་མེཀ་གྷོ་ཝརཎ་ཆེད་ཕེབས་གནང་པ། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་མཉམ་འབྲེལ་རྒྱལ་ཚོགས་མདུན་གྱི་བློ་དགའ་རང་བཙན་ལགས་ཀྱིས་རང་སྲེག་གནང་ཡུལ་དུ་ཕེབས་པ། ༢༠༢༦།༧།༢༦ (Gyudmed Tara Temple)

དེ་ཡང་ཁོང་གིས་གསུངས་དོན་དུ། བོད་མི་ཚང་མས་རང་དབང་གི་ཆེད་དུ་འཐབ་རྩོད་མུ་མཐུད་བྱེད་དགོས་པ་དང་། ཁྱེད་ཚོར་ཞུ་འདོད་པ་གཅིག་ལ། ངོས་རང་དང་གྲོས་ཚོགས་འཐུས་མི་གཞན་རྣམས་ཀྱིས་སེམས་ཤུགས་མི་ཆགས་པར། བོད་མི་ཚོ་དང་མཉམ་དུ་ང་ཚོས་མུ་མཐུད་རྒྱབ་སྐྱོར་བྱེད་ཀྱི་རེད། རྒྱ་ནག་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང་གི་ཐོབ་ཐང་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་དགོས་པའི་དགོས་འདུན་བཏོན་གྱི་ཡོད་ཅེས་གསུངས་ཤིང་། ཁོང་གིས་ད་དུང་། རྒྱ་ནག་གཞུང་གིས་བོད་མིའི་སྤྱི་ཚོགས་ཀྱི་མངོན་འདོད་ལ་ངོས་འཛིན་མ་བྱེད་ཀྱི་བར་དུ་འཛམ་གླིང་སྤྱི་ཚོགས་ཀྱི་རྒྱ་ནག་ལ་ངོས་ལེན་བྱེད་ཀྱི་མ་རེད། ངའི་ལག་པར་ཡོད་པའི་ཕྲེང་བ་འདི་ལོ་ཁ་ཤས་གོང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་བསྩལ་གནང་པ་ཞིག་ཡིན་པས། བོད་མིའི་སྤྱི་ཚོགས་དྲན་པའི་སྐབས་ཕྲེང་བ་འདི་ལག་ཏུ་གྱོན་གྱི་ཡོད། བོད་མིའི་སྤྱི་ཚོགས་ནི་གསོན་ཉམས་དོད་པ་དང་ཞི་བདེ་ལ་དགའ་བའི་གོ་ལའི་སྤྱི་ཚོགས་ཤིག་ཡིན། ང་ཚོ་ཚང་མར་བློ་སྐྱེད་སྤེལ་མཁན་ཞིག་ཡིན་པས། ཁྱེད་རྣམས་འདིར་འདུ་འཛོམས་བྱུང་པ་དང་རང་གི་འཐབ་རྩོད་བློས་གཏོང་ནམ་ཡང་མ་བྱེད་པ་དེར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁྱེད་ཚོ་འདིར་འདུས་པ་འདི་འཛམ་གླིང་གིས་ཤེས་རྟོགས་ཡོད་པ་རེད་ཅེས་གསུངས་འདུག

ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་མདུན་དུ་བློ་དགའ་རང་བཙན་ལགས་ཀྱི་ཆེད་མཆོད་འབུལ་ཞུ་བཞིན་པ། ༢༠༢༦།༠༧།༢༦
བློ་དགའ་རང་བཙན་ལགས་ཀྱིས་རང་སྲེག་གནང་ཡུལ་དུ་མཆོད་འབུལ་ཞུ་བཞིན་པ། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་མདུན་དུ་བློ་དགའ་རང་བཙན་ལགས་ཀྱི་ཆེད་མཆོད་འབུལ་ཞུ་བཞིན་པ། ༢༠༢༦།༠༧།༢༦ (RFA Tibetan)
སེར་བྱེས་དབུ་བླ་ཆོས་འཁོར་རིན་པོ་ཆེས་དབུས་དགེ་འདུན་པས་སྨོན་ལམ་གསུང་འདོན་གནང་བཞིན་པ། ༢༠༢༦།༧།༢༦
སེར་བྱེས་དབུ་བླ་ཆོས་འཁོར་རིན་པོ་ཆེས་དབུས་དགེ་འདུན་པས་སྨོན་ལམ་གསུང་འདོན་གནང་བཞིན་པ། སེར་བྱེས་དབུ་བླ་ཆོས་འཁོར་རིན་པོ་ཆེས་དབུས་དགེ་འདུན་པས་སྨོན་ལམ་གསུང་འདོན་གནང་བཞིན་པ། ༢༠༢༦།༧།༢༦ (RFA Tibetan)

སེར་བྱེས་ནང་བསྟན་རིག་གཞུང་བསྟི་གནས་ཁང་གི་འགན་འཛིན་ཆོས་འཁོར་རིན་པོ་ཆེ་མཆོག་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་སྐུ་ཞབས་མེཀ་གྷོ་ཝན་ལགས་ཀྱིས་བོད་མི་དང་ལྷག་པར་དུ་གཞོན་སྐྱེས་ཚོར་རེ་བ་བརླག་རྒྱུ་མེད་པའི་སྐུལ་མ་གནང་བ་དང་ཁོང་དང་རྒྱབ་སྐྱོར་བ་གཞན་ཚོས་མུ་མཐུད་བོད་མི་དང་བོད་དོན་ཆེད་རྒྱབ་སྐྱོར་གནང་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་པ་གསུངས་སྐོར་འགྲེལ་བརྗོད་གནང་གནང་བྱུང་།

རྒྱ་གར་ཕུད་པའི་ཨ་རི་ནི་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་མཁན་རྒྱལ་ཁབ་ཤིག་ཆགས་ཡོད། གྲོས་ཚོགས་འཐུས་མི་ཇིམ་མེཀ་གྷོ་ཝརཎ་ལགས་ལ་ཆ་མཚོན་པ་ཡིན་ན་རྒྱུན་མཐུད་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་དང་ལྷག་པར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཧ་ལས་པའི་ཆེན་པོ་ཞུ་མཁན་ཞིག་ཆགས་ཡོད་ལ། ཁོང་བཞུགས་སྒར་དྷ་རམ་ས་ལར་ཡང་ཐེངས་མང་ཕེབས་ཡོད་པ་དང་ཁོང་ནི་བོད་པའི་སྤྱི་ཚོགས་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་ལ་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་ཆོས་འཁོར་རིན་པོ་ཆེ་མཆོག་གིས་གསུངས་བྱུང་།

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་འཇེམསི་མེཀ་གྷོ་ཝརཎ་ (Jim McGovern) ལགས་དང་། མཡེ་ཀལ་མེཀ་ཀོལ་(Michael McCaul) ལགས་རྣམ་གཉིས་ཀྱིས་འདི་ལོ་ཕྱི་ཟླ་ ༥ ཚེས་ ༢༡ ཉིན་༢༠༢༦ མ་འོངས་བོད་ཀྱི་འགན་ལེན་ཁྲིམས་འཆར་(Assuring the Future of Tibet Act of 2026) ཞེས་པའི་དབུས་བོད་མིའི་སྒྲིག་འཛུགས་ལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ངོས་འཛིན་ཞུས་ཐོག་སྲིད་སྐྱོང་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་ཆེ་མཐོང་གོང་མཐོར་གཏོང་རྒྱུའི་ཆ་རྐྱེན་འདོན་པའི་ཡོད་ཁྲིམས་འཆར་གསར་པ་ཞིག་བཏོན་གནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་ཡིན་པ་རེད།

བློ་དགའ་རང་བཙན་ལགས་ཀྱིས་ཕྱི་ཟླ་ ༧ ཚེས་ ༢ ཉིན་ཨ་རིའི་ནའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་རང་ལུས་མེར་བསྲེགས་གནང་སྟེ་དེ་ཉིན་རང་དགོངས་པ་རྫོགས་ཡོད་པ་དང་། ཁོང་གིས་ཁ་ཆེམས་ཀྱི་བརྙན་ཐུང་ནང་རེ་འདུན་གནང་པ་ལྟར། འཛམ་གླིང་ཡོངས་སུ་བོད་མི་དང་བོད་མིའི་གཞུང་སྒེར་གྱི་ཚོགས་སྡེ་ཁག་གིས་བདུན་ཚིགས་སོ་སོར་ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་མུས་ཡིན་ཞིང་། ཕྱི་ཟླ་ ༨ ཚེས་ ༡ དང་ ༢ ཉིན་ནིའུ་ཡོག་ཏུ་གཞི་རྒྱ་ཆེ་བའི་ལས་འགུལ་གནང་གི་ཡོད་ཅིང་། ཕྱི་ཟླ་ ༨ ཚེས་ ༡༢ ཉིན་ནིའུ་ཡོག་ཏུ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་འདྲ་མིན་གྱི་སྐུ་ཚབ་དང་མི་མང་འདུ་འཛོམས་གནང་གི་ཡོད་པ་རེད།།

ཁ་སྣོན་གསར་འགོད། བཀྲ་དབང་།

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།