སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ནང་ཡུལ་མིས་མཉམ་ཞུགས་གནང་སྟེ་བོད་དོན་ལ་རྒྱབ་སྐྱོར་གནང་།

ཀ་ལོན་སྦུག་ཏུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ནང་ཡུལ་མི་གཞོན་སྐྱེས་ཀྱིས་མཉམ་ཞུགས་གནང་སྟེ་བློ་དགའ་རང་བཙན་ལཊ་དང་རྒྱ་ནག་གི་མི་རིཊ་མཐུན་སྒྲིལ་གྱི་ཁྲིམས་ལ་ངོ་རྒོལ་གནང་པ།

ཀ་ལོན་སྦུག་ཏུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ནང་ཡུལ་མི་གཞོན་སྐྱེས་ཀྱིས་མཉམ་ཞུགས་གནང་སྟེ་བློ་དགའ་རང་བཙན་ལཊ་དང་རྒྱ་ནག་གི་མི་རིཊ་མཐུན་སྒྲིལ་གྱི་ཁྲིམས་ལ་ངོ་རྒོལ་གནང་པ།

ཀ་ལོན་སྦུག་ཏུ་ཡུལ་མི་གཞོན་སྐྱེས་མང་པོས་བོད་མི་དང་མཉམ་དུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་སྟེ་བོད་དོན་ཆེད་རང་ལུས་མེས་སྲེགས་ཀྱིས་འདས་གྲོངས་སུ་གྱུར་བ་བོད་མི་བློ་དགའ་རང་བཙན་དམ་པ་ཁོང་ལ་གདུང་སེམས་མཉམ་སྐྱེད་ཞུས་འདུག

དེ་ཡང་ཀ་ལོན་སྦུག་ཏུ་གནས་བཞུགས་ཡུལ་མི་ཤེ་ཁར་ལགས་ཀྱིས། ང་ཚོ་ཀ་ལོན་སྦུག་ནང་གིས་ཡུལ་མི་ཚང་མའི་ཚབ་ཞུས་ཏེ་དེ་རིང་གི་ལས་འགུལ་འདིའི་བརྒྱུད་རྒྱ་ནག་གཞུང་གིས་བོད་མི་གཙོས་པའི་གྲངས་ཉུང་མི་རིགས་ཐོག་ཁྲིམས་ཡིག་ལག་བསྟར་བྱེད་པ་དེར་མཐའ་གཅིག་ཏུ་དགག་པ་རྒྱག་བཞིན་ཡོད། བོད་མིའི་རང་དབང་གི་དོན་དུ་བོད་མི་མང་པོས་སོ་སོའི་རང་སྲོགས་བློས་གཏོང་གནང་ཡོད་པ་རེད། ང་ཚོས་རྒྱ་ནག་གཞུང་ལ་གནས་དོན་འདིའི་ཐད་བསམ་ཞིབ་ནན་པོ་གནང་ནས་བོད་ལ་རང་དབང་སྤྲོད་དགོས་པའི་རེ་འདུན་འདོན་བཞིན་ཡོད་བཅས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

རྒྱ་གར་བྱང་ཤར་ནུབ་སྦང་གྷལ་མངའ་སྡེའི་ཀ་ལོན་སྦུག་གྲོང་ཁྱེར་གྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ཟླ་ ༧ ཚེས་ ༣༡ ཉིན་ཀ་སྦུག་སམ་བྷོ་ཊ་གཏན་སློབ་ནས་འགོ་བཙུགས་ཀྱིས་ཁྲོམ་གཞུང་བརྒྱུད་ལ་ཝ་ས་གནས་བར་བོད་དོན་ཆེད་རང་ལུས་མེས་བསྲེགས་གནང་མཁན་བློ་དགའ་རང་བཙན་དམ་པ་ཁོང་གི་ཚེ་སྲོག་བློས་གཏོང་མཚོན་ཆེད་བོད་ཀྱི་རྒྱལ་དར་གྱིས་བསྒྲིལ་པའི་སྤུར་སྒམ་ཞིག་མང་ཚོགས་ཁྲོད་གདན་ཞུས་ཀྱིས་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། ཀ་སྦུག་ས་གནས་གཞོན་ནུའི་དྲུང་ཆེ་ལེགས་བཟང་ལགས་ཀྱིས། བློ་དགའ་རང་བཙན་ལགས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་ཆེད་ལས་འགུལ་འདིའི་ནང་ས་གནས་ཡུལ་མིས་གཙོས་སྦག་སྦག་ ༡༧༠ ཙམ་འཁྱེར་ནས་ལས་འགུལ་ནང་ཞུགས་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཡང་ཡུལ་མི་ཨཡི་སོ་ན་ལགས་ཀྱིས། ང་རང་གོར་གའི་མི་རིགས་གཞོན་སྐྱེས་ཚོགས་པའི་ཚབ་ཞུས་ཏེ་རྒྱ་ནག་གཞུང་ལ་བོད་མིའི་དགོས་འདུན་ཁག་ཆ་ཚང་ཕྲལ་དུ་སྒྲུབ་དགོས་ཀྱི་རེད་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན་འགྲོ་བ་མིའི་རིགས་ཞིག་ཡིན་པའི་ཆ་ནས་ཚང་མར་རང་དབང་དང་ཐོབ་ཐང་གཅིག་མཚུངས་སྤྲོད་དགོས་ཀྱི་རེད་ཅེས་བརྗོད་བྱུང་། གསུངས་གནང་སོང་།

ས་གནས་ཡུལ་མི་གཞོན་སྐྱེས་མང་པོས་མཉམ་ཞུགས་གནང་སྟེ་རྒྱ་ནག་གི་མི་རིཊ་མཐུན་སྒྲིལ་གྱི་ཁྲིམས་ལ་ངོ་རྒོལ་གནང་པ། ༢༠༢༦།༠༧།༣༡
ཡུལ་མི་གཞོན་སྐྱེས་ཀྱི་བོད་དོན་སྦག་སྦག་སྐོར་སྐྱོད་ནང་མཉམ་ཞུགས་གནང་པ། ས་གནས་ཡུལ་མི་གཞོན་སྐྱེས་མང་པོས་མཉམ་ཞུགས་གནང་སྟེ་རྒྱ་ནག་གི་མི་རིཊ་མཐུན་སྒྲིལ་གྱི་ཁྲིམས་ལ་ངོ་རྒོལ་གནང་པ། ༢༠༢༦།༠༧།༣༡ (RFA Tibetan)

ཡང་ས་གནས་ཀྱི་ཡུལ་མི་ཀཱན་ཆེན་གྷལ་སིང་ལགས་ཀྱིས། ང་ཚོ་ས་གནས་ཡུལ་མི་ཚང་མས་བོད་མིའི་རང་དབང་གིས་ལས་འགུལ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་དགོས་ཀྱི་རེད། བོད་མི་ཚོ་སོ་སོའི་ལུང་པ་བཞག་ནས་ལོ་མང་པོ་ཕྱིན་ཡོད་པ་མ་ཟད།སོ་སོའི་རྒྱལ་ཁབ་ཀྱི་དོན་དུ་རང་ལུས་མེས་བསྲེགས་གནང་དགོས་བྱུང་པ་འདི་ཡིད་སྐྱོ་དགོས་པའི་གནས་སྟངས་ཞིག་རེད། ང་ཚོས་བོད་མི་ཚོ་དང་མཉམ་དུ་ཡོད་ལ། མ་འོངས་པར་ཡང་བོད་མིའི་ལས་འགུལ་ལ་རྒྱབ་སྐྱོར་ཞུ་གི་ཡིན་ཞེས་གསུངས་བྱུང་།

ཡང་ས་གནས་ཀྱི་ཡུལ་མི་སན་ཇི་ཝ་ནི་ཝིཤཝ་ཀརྨ་ལགས་ཀྱིས། ང་རང་འདིར་དེ་རིང་རྒྱ་ནག་གཞུང་ལ་རེ་འདུན་གཅིག་མ་ཏོག་འདོན་རྒྱུ་མེད། འདི་ནི་བོད་མི་ཚོ་ལ་རང་དབང་སྤྲོད་དགོས། བོད་ནང་གི་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་དེ་ཕྲལ་དུ་མཚམས་འཇོག་བྱ་དགོས་ཅེས་དགོས་འདུན་བཏོན་གནང་སོང་།

ཡང་ཕྱི་ཚེས་ ༣༠ ཉིན་ས་ལུ་སྒར་ས་གནས་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་མི་བློ་དགའ་རང་བཙན་དམ་པ་ཁོང་ལ་རྗེས་དྲན་ཞུ་ཆེད་ས་ལུ་སྒར་ནས་ཤི་ལི་སྒུ་རིའི་ཁྲོམ་གཞུང་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་ཅིང་། རྒྱ་གར་བྱང་ཤར་མེ་གྷ་ལ་ཡའི་རྒྱལ་ས་ཤི་ལོང་དུ་བོད་མིས་སྣེ་ཁྲིད་དེ་བྱང་ཤར་ཨ་སམ་མངའ་སྡེའི་ནང་གི་གྲོང་ཁྱེར་གྷོ་ཧ་ཊིའི་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་ངོས་ལེན་མེད་པའི་གསར་འགོད་ལྷན་ཚོགས་ཞིག་གནང་འདུག