ནིའུ་ཡོག་ལས་འགུལ་ནང་རི་ཆརཌི་གྷིཡར་ལཊ་མཉམ་ཞུཊ་ཀྱིས་རྒྱ་ནག་གི་ཁྲིམས་གསར་ལ་ངོ་རྒོལ་གནང་།

མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ནང་རི་ཆརཌི་གྷིཡར་ལགས་ཀྱིས་མཉམ་ཞུགས་གནང་སྟེ་མི་རིཊ་མཐུན་སྒྲིལ་གྱི་ཁྲིམས་ལ་སྐྱོན་བརྗོད་གནང་སོང་།

བློ་དགའ་རང་བཙན་ལགས་འདས་གྲོངས་སུ་གྱུར་ནས་ཟླ་བ་གཅིག་གི་རྗེས་བོད་དོན་རྒྱབ་སྐྱོར་བ་རི་ཆརཌི་གྷིཡར་དང་བོད་མི་ཚོས་བོད་དོན་ཐོག་འཛམ་གླིང་གིས་དོ་སྣང་བྱ་དགོས་པའི་དགོས་འདུན་བཏོན་པ།

བོད་དོན་རྒྱབ་སྐྱོར་བ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རི་ཆརཌི་གྷིཡར་ལགས་ཕྱི་ཟླ་ ༨ ཚེས་ ༡ ཕྱི་དྲོ་ཨ་རིའི་ནིའུ་ཡོག་ཊཡེམསི་གྲུ་བཞི་མར་ཚོགས་པའི་གཞི་རྒྱ་ཆེ་བའི་མར་མེའི་འདུ་འཛོམས་ཀྱི་ལས་འགུལ་ནང་ཞུགས་ཏེ་བློ་དགའ་རང་བཙན་ལཊ་ཀྱིས་རང་ལུས་མེར་བསྲེཊ་གནང་སྟེ་ཟླ་ ༡ སོང་བར་རྗེས་དྲན་དང་བོད་ཀྱི་གནད་དོན་ལ་རྒྱལ་སྤྱིའི་དོ་སྣང་འགུགས་ཐབས་ཆེད་གཏམ་བཤད་གནང་སོང་། སྐབས་དེར་ཁོང་གིས་རྒྱ་ནག་གི་མི་རིཊ་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་ངོ་རྒོལ་ཡོད་པ་གཏམ་བཤད་གནང་སོང་།

ནིའུ་ཡོག་གི་ཊཡེམསི་གྲུ་བཞི་མར་གཞི་རྒྱ་ཆེ་བའི་འདུ་འཛོམས་གནང་པ། ༢༠༢༦།༠༨།༠༡
མར་མེའི་ཁྲོམ་སྐོར་གྱི་ལས་འགུལ། ནིའུ་ཡོག་གི་ཊཡེམསི་གྲུ་བཞི་མར་གཞི་རྒྱ་ཆེ་བའི་འདུ་འཛོམས་གནང་པ། ༢༠༢༦།༠༨།༠༡ (RFA Tibetan)

རི་ཆརཌི་གྷིཡར་ལགས་ཀྱིས་ང་བོད་པ་ཡིན་ཞེས་འབོད་ཚིག་བསྒྲགས་ཏེ་བློ་དགའ་རང་བཙན་ལགས་ཀྱི་ཁ་ཆེམས་ནང་བོད་མི་ཚོ་རང་ཉིད་བོད་པ་ཡིན་པ་སྙིང་བཅངས་དགོས་པའི་འབོད་སྐུལ་ལ་འཇུག་པའི་རྣམ་འགྱུར་གསལ་སྟོན་དང་སྦྲགས། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་སྐྱོན་བརྗོད་གནང་སྟེ་བོད་མིའི་སྲོལ་རྒྱུན་གྱི་སྐད་ཡིག་དང་། རིག་གཞུང་བཅས་པར་རྩིས་མེད་བཏང་སྟེ་མ་འོངས་བོད་པའི་མི་རབས་ཚོར་རྩིས་སྤྲོད་བྱེད་རྒྱུའི་རང་དབང་ལ་དོ་ཕོག་བཏང་སྟེ་བོད་མིའི་ངོ་བོ་འཚོ་གནས་ཐུབ་རྒྱུར་ཉེན་ཁ་བཟོ་གི་ཡོད་ཅེས་བརྗོད་ཡོད། ཁོང་གིས་ད་དུང་། བོད་མི་ཚོར་བཙན་ཤེད་ཀྱིས་མི་རིགས་མཉམ་བསྲེས་བྱེད་པ་དེ་འགྲོ་བ་མིའི་རིགས་ཚང་མར་སླར་གསོ་ཐུབ་ཐབས་མེད་པའི་དཔལ་ཡོན་ཞིག་རྩ་བརླག་འགྲོ་རྒྱུ་དང་གཅིག་མཚུངས་ཡིན་པའི་ཉེན་བརྡ་བཏང་ཡོད།

ནིའུ་ཡོག་ཏུ་གཞི་རྒྱ་ཆེ་བའི་ལས་འགུལ་ནང་ཕྱི་མི་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གིས་མཉམ་ཞུགས་གནང་པ། ༢༠༢༦།༠༨།༠༡
ཡུ་གུར་དང་། རྒྱ་རིགས། སོག་རིགས་བཅས་ཀྱིས་མཉམ་ཞུགས་གནང་པ། ནིའུ་ཡོག་ཏུ་གཞི་རྒྱ་ཆེ་བའི་ལས་འགུལ་ནང་ཕྱི་མི་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གིས་མཉམ་ཞུགས་གནང་པ། ༢༠༢༦།༠༨།༠༡ (RFA Tibetan)

འདུ་འཛོམས་འདི་ནིའུ་ཡོག་ས་གནས་ཀྱི་བོད་མིའི་ཚོགས་པ་ཁག་བརྒྱད་ཐུན་མོང་གིས་གོ་སྒྲིག་གནང་པ་དང་། རྒྱལ་སྤྱིའི་ནང་བོད་དོན་ལ་དོ་སྣང་འགུགས་ཐབས་བྱེད་པའི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་རེད་འདུག མར་མེ་ཁྲོམ་སྐོར་གྱི་ལས་འགུལ་མ་གནང་གོང་བོད་མི་ཚོས་བྷུརུཀ་ལིན་ཟམ་པ་ནས་ཊེམསི་གྲུ་བཞི་ཐང་གི་བར་བོད་མིའི་སྲོལ་རྒྱུན་གྱི་ཕྱག་འཚལ་ལས་འགུལ་གནང་པ་དང་། དེ་བཞིན་ད་བར་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ནས་བོད་ནང་དང་བཙན་བྱོལ་གཉིས་སུ་རང་ལུས་མེར་བསྲེགས་བཏང་མཁན་བོད་མི་ ༡༧༠ ལྷག་ཙམ་གྱི་ཚབ་བྱས་ཏེ་སློབ་ཕྲུག་དང་གཞོན་སྐྱེས་ཀྱིས་འདས་སོན་རྣམས་ཀྱི་བློས་གཏོང་མཚོན་བྱེད་ཀྱི་ལས་འགུལ་ཞིག་ཆགས་ཡོད་ལ། གོམ་བགྲོད་པ་མང་པོས་ཁ་ལ་ཁ་བཏགས་དཀར་པོ་གྱོན་ནས་བོད་ནང་དུ་སྨྲ་བརྗོད་རང་དབང་མེད་པ་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་བར་ཁ་ཁུ་སིམ་པོར་བསྡད་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ་རེད།

ནིའུ་ཡོག་གི་ཊཡེམསི་གྲུ་བཞི་ཞེས་པའི་མི་ཚོགས་ཧ་ཅང་ཕོན་ཆེ་འདུ་འཛོམས་ཡོད་སར་བློ་དགའ་རང་བཙན་ལགས་སུ་རྗེས་དྲན་སླད་བོད་མིའི་གཞི་རྒྱ་ཆེ་བའི་འདུ་འཛོམས་ཀྱིས་རྔམ་སྟོན་ལས་འགུལ་སྤེལ་བ། ༢༠༢༦།༠༨།༠༡
བློ་དགའ་རང་བཙན་རྗེས་དྲན་གྱི་གཞི་རྒྱ་ཆེ་བའི་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ། ནིའུ་ཡོག་གི་ཊཡེམསི་གྲུ་བཞི་ཞེས་པའི་མི་ཚོགས་ཧ་ཅང་ཕོན་ཆེ་འདུ་འཛོམས་ཡོད་སར་བློ་དགའ་རང་བཙན་ལགས་སུ་རྗེས་དྲན་སླད་བོད་མིའི་གཞི་རྒྱ་ཆེ་བའི་འདུ་འཛོམས་ཀྱིས་རྔམ་སྟོན་ལས་འགུལ་སྤེལ་བ། ༢༠༢༦།༠༨།༠༡ (RFA Tibetan)

ལས་འགུལ་འདིའི་ནང་བོད་མི་ཙམ་མ་ཟད། ཡུ་གུར་དང་། ཧོང་ཀོང་གི་ལས་འགུལ་བ། ལྷོ་སོག་ནས་སོག་པོའི་མི་རིགས། ཐའེ་ཝན་གྱི་རྒྱ་རིགས་བཅས་ཀྱིས་མཉམ་ཞུགས་བྱས་ཡོད་པ་ནི། གོ་སྒྲིག་ཚོགས་ཆུང་གིས་བརྗོད་དོན་ལྟར་ན་བོད་དོན་ལས་འགུལ་འདི་རྒྱལ་སྤྱིའི་གནད་དོན་དུ་གྱུར་ཡོད་པར་འགྲེལ་བརྗོད་གནང་གི་འདུག

ཕྱི་དྲོ་ཕྱག་ཚོད་ ༩ པ་ཙམ་གྱི་བར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངག་བཅད་ཁྲོམ་སྐོར་གྱི་ལས་འགུལ་དེ་བཞིན་རྒྱལ་ཚོགས་ཀྱི་ལས་ཁུངས་བར་གནང་སྟེ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་པར་རྗེས་དྲན་དང་རྒྱ་ནག་གི་མི་རིཊ་མཐུན་སྒྲིལ་གྱི་ཁྲིམས་ལ་ངོ་རྒོལ་གྱི་རྣམ་པ་གསལ་སྟོན་གནང་ཡོད་པ་རེད།།

ནིའུ་ཡོག་ཏུ་འདུ་འཛོམས་ཆེ་བའི་ལས་འགུལ་དེའི་སར་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་འབོར་ཆེན་འདུ་འཛོམས་བྱས་འདུག ༢༠༢༦།༠༨།༠༡
གཞི་རྒྱ་ཆེ་བའི་འདུ་འཛོམས་ཀྱི་ལས་འགུལ། ནིའུ་ཡོག་ཏུ་འདུ་འཛོམས་ཆེ་བའི་ལས་འགུལ་དེའི་སར་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་འབོར་ཆེན་འདུ་འཛོམས་བྱས་འདུག ༢༠༢༦།༠༨།༠༡ (RFA Tibetan)

པར་ལེན། བསྟན་འཛིན་བདེ་སྐྱིད།

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།