སུད་སི་ཁུལ་དུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ངོ་སྤྲོད།
2019.12.02
བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཁྱབ་འཆར་འགོད་པ་དཀོན་མཆོག་བརྩོན་འགྲུས་ལགས་དང་། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས་སུད་སི་ནང་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་བོད་མི་ཚོར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དུ་མ་རྩ་འཛུགས་དགོས་པའི་སྐོར་དྲིལ་བསྒྲགས་ལས་དོན་སྤེལ་ཡོད་པ་རེད། དེའི་སྐོར་ང་ཚོའི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།།