ནིའུ་ཡོག་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད།

2014-12-30
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བོད་མི་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་ངོ་རྒོལ་སྐད་འབོད་གནང་བཞིན་པའི་འདྲ་པར།

བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ངོ་དེབ།

༄༅༎ཟླ་འདིའི་ཕྱི་ཚེས་༢༧དང་༢༨ཉིན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་མི་ཚོས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དང༌། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་གདུང་སེམས་མཉམ་བསྐྱེད་ཀྱི་ངོ་རྒོལ་སྐད་འབོད་གནང་ཡོད་པའི་སྐོར། རྡོ་རྗེ་དགྲ་འདུལ་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

མཆན། (2)
Share

བསྟན་འཛིན།

ནས། ཨ་རི།

གཞིས་ཀྱི་བོད་མའི་རླབས་ཆེའི་བློས་གཏོང་དེའི་ཆེད་བྱས་ཀྱི་སྤུན་ཟླ་ཚོས་སྔོན་སུས་ཀྱང་སྤེལ་མ་མྱོང་བའི་ལས་འགུལ་ཞིག་སྤེལ་ཐབས་སུ་ཐུགས་བསམ་ཞིག་བཞེས་དགོས་ཀྱི་འདུག
དེ་ཡང་གང་འདྲ་ཞིག་དགོས་སམ་ཞེས་དྲིས་པ་ཙམ་མ་ཡིན་པ་དང་དགོས་ཀྱི་འདུག་ཅེས་ལབ་པ་གཅིག་པུ་མིན་པར། དམིགས་སུ་བཀར་ནས་དེའི་སྐོར་མཁས་པ་དང་རྩོམ་པ་པོ། དེ་བཞིན་དུ་སློབ་གྲྭ་ཆེན་མོ་རུ་སློབ་དཔོན་ཆེན་མོའི་མཚན་ཡོད་པ་དག་དང་སློབ་གྲྭ་ཆེན་མོ་བ་ཡིན་པ་ཚོ། ད་དུང་ཆབ་སྲིད་པ་དང་བསམ་བློ་བ། མདོར་ན་སུ་ཞིག་ཡིན་རུང་ཉིན་མང་པོའི་རིང་བགྲོ་གླེང་ཚོགས་དགོས་ན་འདྲ། གྲོས་བསྡུར་བྱེད་དགོས་ན་འདྲ། ལས་འགུལ་གསར་པ་ཞིག་གི་སྐོར་ལ་བསམ་བློ་གཏོང་དགོས་པར་གལ་ཆེན་མཐོང་། རྒྱུ་མཚན་གང་ལགས་ཞེ་ན། ང་ཚོས་ད་བར་སྤེལ་དང་སྤེལ་བཞིན་པའི་ལས་འགུལ་ཚང་མ་སྤེལ་སྟངས་གཅིག་མཚུངས་འདྲ་རྐྱང་ཆགས་འདུག་པས། རྒྱལ་སྤྱིའི་གསར་ལམ་ཁག་དང་།
ལས་འགུལ་སྤེལ་ཡུལ་གྱི་མི་ཚོའི་མཐོང་ལམ་ན་ག་དུས་ཡིན་ན་གཅིག་མཚུངས་འདྲ་མཐོང་བ་ཡིན་ན་དོ་སྣང་དེ་ཙམ་སླེབས་ཀྱི་མེད་པར་གསལ་བོ་རེད་ལ། ལྷག་པར་དུ་གསར་འགྱུར་འགོད་མཁན་ཞིག་ལ་མཚོན་ན་རྟག་པར་འདྲ་བོ་རྐྱང་ཆགས་ཚེ་གསར་འགྱུར་གྱི་ཁྱད་དང་ཆོས་ངོ་བོ་དེ་བརླག་གི་ཡོད་ཙང་། དོ་སྣང་མེད་པར་འགྱུར་རྒྱུ་དང་། ལས་འགུལ་སྤེལ་ཡུལ་གྱི་མི་ཚོས་མཐོང་ན་ཡང་གནས་ཚུལ་རྙིང་པ་ཞིག་དང་སྔོན་མཐོང་མྱོང་བ་ཞིག་ཡིན་ཚེ་དོ་སྣང་གནང་མཁན་ཉུང་དུ་འགྱུར་ཉེན་ཡོད་ཙང་། ལས་འགུལ་གསར་པ་སོ་མ་ཞིག་ལ་ཚ་ཚ་འུར་འུར་ཡིན་པ་ཞིག་བསམ་བློ་གཏོང་རེན་འདུག་སྙམ། འོན་ཀྱང་ང་ལ་མི་ཚོས་བཤད་སྲིད། ཡ་ད་འོ་ན་ཁྱོད་རང་གིས་ལམ་ཁ་གསར་པ་ཞིག་ཐོན་ཞེས་བཤད་སྲིད་མོད།
འདི་ང་འདྲ་བའི་ཤེས་ཡོན་མེད་མཁན་ཞིག་གིས་འདི་འདྲ་དགོས་ཤེས་བཤད་རྒྱུ་མེད་རུང་། མཁས་དབངགི་མིང་ཅན་དང་བསམ་བློ་བ་དག་གིས་འདིའི་ཐད་ཐབས་ཤེས་གསར་པ་ཞིག་བསྟན་དགོས་པ་གལ་ཆེན་པོ་མཐོང་། བསམ་ཚུལ་ཙམ་ཞིག་ཡིན།

Dec 30, 2014 12:42 PM

Dec 30, 2014 12:41 PM

དྲ་གནས་ཆ་ཚང༌།