ཧོང་ཀོང་གི་གྲོས་ཚོགས་འཐུས་མི་བཞིའི་འོས་ཐོབ་རྩིས་མེད་དུ་བཏང་བ།


2020-11-13
Share
ཧོང་ཀོང་གི་གྲོས་ཚོགས་འཐུས་མི་བཞིའི་འོས་ཐོབ་རྩིས་མེད་དུ་བཏང་བ། ཧོང་ཀོང་གི་གྲོས་ཚོགས་ལམ་ལུགས་དང་དམངས་གཙོ་ཀ་བ་གསུམ་གྱི་ལམ་ལུགས་དེ་མིང་ཙམ་དུ་བསྒྱུར་བའི་སྐོར།
ཨེ་པི།

༄༅།། དེ་རིང་གི༼གངས་ལྗོངས་གླེང་སྟེགས༽ཀྱི་སྐབས་སུ་བབ་པའི་གླེང་བྱ་ནི། རྒྱ་ནག་པེ་ཅིང་གཞུང་གིས་དམངས་གཙོར་ཕྱོགས་པའི་གྲོས་ཚོགས་འཐུས་མི་བཞིའི་འོས་ཐོབ་རྩིས་མེད་དུ་བཏང་ནས། ཧོང་ཀོང་གི་གྲོས་ཚོགས་ལམ་ལུགས་དང་དམངས་གཙོ་ཀ་བ་གསུམ་གྱི་ལམ་ལུགས་དེ་མིང་ཙམ་དུ་བསྒྱུར་བའི་སྐོར་ངོ་སྤྲོད་དང་། ཧོང་ཀོང་གི་ད་ལྟའི་གནས་བབ་དང་མ་འོངས་པའི་མདུན་ལམ་ཐད་རྒྱ་ནག་གི་ཁྲིམས་ལུགས་ཉམས་ཞིབ་པ་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་དང་། སྐབས་བབ་ཆབ་སྲིད་དཔྱད་བརྗོད་པ་སྐུ་ཞབས་སངས་རྒྱས་སྐྱབས་ལགས་རྣམ་པ་གཉིས་དང་མཉམ་དུ་སྟག་ལྷ་རྒྱལ་གྱིས་བགྲོ་གླེང་བྱས་པར་ཉན་རོགས་གནོངས།།

གསར་འགོད་པ་སྟག་ལྷ་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།