རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ ༡༠༠ འཁོར་བ།
2021.08.06
༄༅།།ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབ་པའི་གླེང་བྱ་ནི། རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ ༡༠༠ འཁོར་བའི་ལོ་ཚོགས་འདིར། དམར་ཤོག་ཚོགས་པས་བོད་ལ་བཙན་འཛུལ་དང་བཙན་བཟུང་། དམར་གསོད། དེ་ནས་བོད་ཀྱི་སྤྱི་ཚོགས་སྒྲོམ་གཞི་དང་དགོན་སྡེ་མི་སྡེར་གཏོར་བཅོམ། བོད་མིར་གཉའ་གནོན་དང་བཤུ་གཞོག མཐོང་ཆུང་། ཆོས་དང་རིག་གཞུང་ལ་བསྒྱུར་བཅོས། རིགས་སྒྱུར་གྱི་སྲིད་ཇུས་སྤེལ་ནས་བོད་མི་རིགས་རྩ་མེད་དུ་གཏོང་བཞིན་པ་སོགས་ཀྱི་ཐད། ལས་འགུལ་རབ་དང་རིམ་པ་དང་སྲིད་ཇུས་སྣ་ཚོགས་འོག་ཡོང་བའི་གནས་རིམ་མ་འདྲ་བའི་བོད་མི་བརྒྱད་ཀྱི་ལྟ་ཚུལ་དང་མྱངས་ཚུལ་སྟག་ལྷ་རྒྱལ་གྱིས་གོ་བསྒྲིགས་དང་རྒྱང་སྲིང་བྱས་པར་གསན་རོགས་གནོངས།།
གསར་འགོད་པ། སྟག་ལྷ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།