ཞི་ཅིན་ཕིང་གིས་མུ་མཐུད་དབང་ཆ་སྐྱོང་རྒྱུའི་ཐད་མོས་མཐུན་རྒྱབ་གཉེར་བྱས་ཡོད་པ།

2021.11.13
ཞི་ཅིན་ཕིང་གིས་མུ་མཐུད་དབང་ཆ་སྐྱོང་རྒྱུའི་ཐད་མོས་མཐུན་རྒྱབ་གཉེར་བྱས་ཡོད་པ། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩པ།
ཨེ་ཨེཕ་པི།

རྒྱ་ནག་རྒྱལ་ས་པེ་ཅིན་དུ་ཚོགས་པའི་རྒྱ་ནག་དམར་ཤོག་འགོ་ཁྲིད་ཚང་འཛོམས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ཐོག་ནས་དམར་ཤོག་ཚོགས་པའི་ལོ་རྒྱུས་ཀྱི་གྲོས་ཆོད་ ༣ པ་གཏན་འབེབས་བྱས་ཏེ།  རྒྱ་ནག་གི་སྟོབས་ཤུགས་འདི་མ་འོངས་ལོ་བརྒྱའི་ནང་འཛམ་གླིང་ནང་རྒྱ་སྐྱེད་གཏོང་ཐབས་ཐད་ཐག་གཅོད་བྱུང་ཞིང་།  འདིའི་ཆེད་སྲིད་འཛིན་ཞི་ཅིན་ཕིང་གིས་མུ་མཐུད་དབང་ཆ་སྐྱོང་རྒྱུའི་ཐད་མོས་མཐུན་རྒྱབ་གཉེར་བྱེད་ཀྱི་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་གནས་ཉམས་ཞིབ་པ་དང་། བོད་དོན་ལས་འགུལ་བ། ཆབ་སྲིད་བཙོན་ཟུར་བཅས་དང་ལྷན་ཞི་ཅིན་ཕིང་གི་འགོ་ཁྲིད་ཀྱི་དབང་ཆ་མུ་མཐུད་འཛིན་པ་འདིས་བོད་ཐོག་ཤུགས་རྐྱེན་ཇི་ཐེབས་དང་།  འཛམ་གླིང་མང་གཙོའི་འགྲོ་ལུགས་ལ་ཕན་གནོད་འབྲེལ་བའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་གིས་བཀའ་དྲི་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎