རྒྱ་གཞུང་གིས་ཧོ་ཀོང་གི་གནད་དོན་ཐག་གཅོད་ཀྱི་ལངས་ཕྱོགས་ཇི་འདྲ་ཞིག་འཛིན་ཀྱི་ཡོད་མེད།

2019-09-18
གློག་འཕྲིན།
མཆན།
Share
པར་བཀོད།
༢༠༡༩།༩།༡༣།ཧོང་ཀོང་ནང་མི་མང་ཚོས་ངོ་རྒོལ་བྱེད་བཞིན་པའི་རྣམ་པ།
༢༠༡༩།༩།༡༣།ཧོང་ཀོང་ནང་མི་མང་ཚོས་ངོ་རྒོལ་བྱེད་བཞིན་པའི་རྣམ་པ།
ཨེ་ཨེཕ་པི།

༄༅།།ཧོ་ཀོང་ནང་མི་དམངས་ཀྱིས་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ནས་ཉིན་བརྒྱ་འཁོར་གྱི་ཡོད་པ་དང་བསྟུན། ད་ལྟ་གཞུང་གིས་མི་དམངས་དང་མཉམ་གནད་དོན་སེལ་ཆེད་དུ་སྐད་ཆ་བཤད་རྒྱུ་ལྡིང་ཆ་ཞིག་བསྐྲུན་རྒྱུ་ཡིན་པའི་གསལ་བཤད་གནང་ཡོད་པ་རེད། དེ་རིང་ཁ་བའི་གྲོས་རཱ་ལེ་ཚན་ནང་རྒྱ་ནག་དབུས་གཞུང་གིས་དབུ་འཁྲིད་ཚོས་ཧོ་ཀོང་གི་གནད་དོན་ཐག་གཅོད་ཀྱི་ལངས་ཕྱོགས་ཇི་འདྲ་ཞིག་འཛིན་ཀྱི་ཡོད་མེད་དང་། ཡང་རྒྱ་ནག་གི་ཆེ་མཐོའི་དབུ་འཁྲིད་ནང་ཁུལ་ཧོ་ཀོང་གི་ངོ་རྒོལ་བ་ཚོར་ཡར་ལེན་སྤྲོད་ཤོག་གི་ཐོག་འགལ་ཟླ་ཡོང་གི་ཡོད་མེད། དེ་བཞིན་ནག་ཅན་པ་ཕྱིར་རྩིས་སྤྲོད་ཁྲིམས་འཆར་ཕྱིར་འཐེན་བྱས་པ་དེས། ད་ལྟ་ཧོང་ཀོང་གི་ངོ་རྒོལ་གྱི་གནས་སྟངས་དེ་ཁ་ཕྱོགས་ཇི་འདྲ་ཞིག་ལ་འགྲོ་གི་ཡོད་པའི་སྐོར་ཐེ་བན་དོན་གཅོད་སྐུ་ངོ་ཟླ་བ་ཚེ་རིང་ལགས་དང་ཨུ་སི་ཀྲི་ལི་ཡ་རྒྱ་རིགས་འབྲེལ་མཐུད་པ་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་རྣམ་པ་གཉིས་དང་ལྷན་དུ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།

མཆན། (0)
Share
དྲ་གནས་ཆ་ཚང༌།