རྒྱ་ནག་གིས་རྒྱབ་ཤ་དཀར་པོ་བཏོན་ནས་བོད་ནང་ཡར་རྒྱས་བཏང་ཡོད་ཚུལ་བརྗོད་དགོས་པའི་དམིགས་ཡུལ།

2021-06-02
Share
རྒྱ་ནག་གིས་རྒྱབ་ཤ་དཀར་པོ་བཏོན་ནས་བོད་ནང་ཡར་རྒྱས་བཏང་ཡོད་ཚུལ་བརྗོད་དགོས་པའི་དམིགས་ཡུལ། རྒྱ་ནག་གིས་རྒྱབ་ཤ་དཀར་པོ་བཏོན་ནས་བོད་ནང་ཡར་རྒྱས་བཏང་ཡོད་ཚུལ་བརྗོད་པ་ནི་བོད་མི་རྣམས་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་བཟོ་རྒྱུའི་སྲིད་བྱུས་ཡིན་པ་ཉམས་ཞིབ་པས་འགྲེལ་བརྗོད་གནང་བ།
Photo: RFA

ཤེས་ཡོན་སློབ་གསོའི་ལེ་ཚན་ནང་། ཉེ་ཆར་རྒྱ་ནག་གི་བོད་ཐོག་བཏོན་པའི་རྒྱབ་ཤ་དཀར་པོའི་ནང་། བོད་མི་ཚོར་དེང་དུས་ཤེས་ཡོན་མཁོ་སྤྲོད་བྱ་རྒྱུའི་ཆེད་རྒྱ་ནག་གཞུང་གིས་བོད་ནང་གི་ཤེས་ཡོན་སློབ་གསོའི་ཐོག་རྒྱ་མིའི་ཤོག་ལོར་ཐེར་འབུམ་མང་པོ་གཏོང་གི་ཡོད་ལུགས་བརྗོད་ཡོད་པ་དེ་ནི། བོད་ཕྲུག་གི་ཤེས་ཡོན་དང་ཆེད་ལས་པ་གསོ་སྐྱོང་བྱ་རྒྱུར་དམིགས་པ་ཞིག་མིན་པར་དོན་དངོས་བོད་ནང་གི་བོད་མི་ཚོ་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་དང་རྒྱ་ནག་ལ་རྒྱལ་ཞེན་ཡོད་པ་བཟོ་རྒྱུའི་དོན་དུ་ཡིན་པ། རྒྱ་ནག་གི་བོད་ཐོག་འཛིན་པའི་ཤེས་ཡོན་སྲིད་བྱུས་ལ་ཉམས་ཞིབ་གནང་མཁན་སྐར་མ་བསྟན་འཛིན་ལགས་ཀྱིས་གསུངས་པ་ཞིག་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།