སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭཌ་སླེ་ཡི་གནམ་ཐང་ནས་ལྕོག་ལམ་གསར་ལ་ཡོད་པའི་རྒྱལ་བའི་ཕོ་བྲང་ཞི་བའི་ཚལ་ལ་ཕེབས་འགྲོའི་ནང་ཆིབས་བསྒྱུར་བསྐྱངས་སྐབས་ས་ཚིགས་རེ་རེར་ཕེབས་བསུའི་རྒྱལ་སྒོ་ཆེན་པོ་རེ་བཙུཌ་པ་དང་། ཕེབས་ལམ་གཡས་གཡོན་དུ་དད་ལྡན་མི་མང་རྣམས་ཀྱིས་ལག་ཏུ་དྲི་ཞིམ་དུག་སྤོས་དང་མཇལ་དར་སོཌ་བཀྲིས་པའི་མཆོད་རྫས་སྣ་ཚོཌ་བཟུང་ནས་དགའ་དད་སྤྲོ་གསུམ་ངང་ནས་ཕེབས་བསུ་ཞུས་འདུག
cnn IBNཞེས་པའི་རྒྱ་གར་གྱི་བརྙན་འཕྲིན་ལས་ཁང་གིས་ཁ་སང་གནས་ཚུལ་སྤེལ་དོན་ལྟར་ན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭཌ་ཁུལ་དུ་བཞུག་ཞག་ཉིན་གྲངས་༢༠་རིང་གནས་བཞུཌ་གནང་རྒྱུ་ཡིན་འདུག། ད་རེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟངས་དཀར་ལ་ཆིབས་བསྒྱུར་བསྐྱངས་ནས་དད་ལྡན་མང་ཚོཌ་ལ་དགེ་བཤེས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་། དགེ་བཤེས་གླང་རི་མཐར་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུངས་ཆོས་བཀྲིན་ཆེ་གནང་མཛད་རྒྱུ་མ་ཟད་ལ་དྭཌ་རྒྱལ་ས་སླེ་ནང་རྗེ་ཙོང་ཁ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་གྱི་གསུངས་ཆོས་བཀྲིན་ཆེ་གནང་མཛད་འཆར་ཡོད་སྟབས། རང་ལོ་༧༤་སོན་པའི་ལ་དྭཌ་ཀྱི་རྨོ་རྨོ་བསོད་ནམས་ལཌ་ཀྱིས། ད་རེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭཌ་ལ་ཆིབས་བསྒྱུར་བསྐྱངས་སྐབས་མཇལ་ཁ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་བ་དང་༧མགོན་པོ་གང་ཉིད་ནས་གསུངས་ཆོས་བཀའ་དབང་གནང་འཆར་ཡོད་སྟབས་ ཁོང་རང་སེམས་སྐྱིད་པོ་ཞེ་དྲག་བྱུང་བ་དང་ཁོང་བསོད་བདེ་ཆེན་པོ་ཡིན་པའི་ཚོར་སྣང་བྱུང་བ་བཤད་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཞི་བའི་ཚལ་ཕོ་བྲང་ནང་ཞབས་སོར་འཁོད་པའི་མཚམས་སུ་ལ་དྭཌ་ཀྱི་གནས་ཡོད་མི་སྣ་ཆེ་གྲས་མཇལ་ཁར་བཅར་བ་རྣམས་ལ་མ་ཤེས་བཀའ་སློབ་ཟབ་མོ་སྩལ་གནང་མཛད་ཡོད་པ་དང་། དེའི་སྔོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་བཅུ་གཉིས་ཉིན་ཐོག་མར་བྱང་ཕྱོགས་འཇའ་མུ་ཀ་ཤི་མིར་མངའ་སྡེའི་གྲོང་ཁྱེར་ཤྲི་ན་གྷའི་ཁུལ་ཆགས་པའི་བོད་པའི་ཁ་ཆེའི་གཞིས་ཆགས་སུ་ཆིབས་བསྒྱུར་གནང་ནས་སློབ་ཕྲུག་དང་མང་ཚོགས་ལ་བླང་དོར་གྱི་བཀའ་སློབ་བསྩལ་གནང་ཡོད་པ་མ་ཟད་མང་ཚོགས་ནས་ཀྱང་༧གོང་ས་མཆོག་ཁུལ་དེར་ལོ་ངོ་ཉི་ཤུ་རྩ་བཞིའི་རྗེས་སུ་ཆིབས་བསྒྱུར་བསྐྱངས་གནང་བར་དགའ་ཚོར་ཆེན་པོ་ཞུས་ཡོད་པ་རེད།
ཁུལ་དེར་ཉིན་གྲངས་དྲུག་རིང་བཞུགས་ཞག་གནང་རྒྱུན་རིང་ཁ་ཆེ་དང་། ཧིན་རྡུ། སིག་གི་ཆོས་བྱེད་པ་ཚོའི་ལྷ་ཁང་དང་། ཕྱག་འཚལ་ཁང་བཅས་པར་གནས་གཟིགས་ཀྱང་གནང་ཡོད་པ་དང་། དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་། སྲིད་སྐྱོང་། དེ་བཞིན་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་ཀྱང་གནང་ཡོད་པ་རེད། དེ་ནས་འདི་ཚེས་བཅོ་བརྒྱད་ཉིན་ལ་དྭགས་སླེ་ཁུལ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད། ལ་དྭགས་སུ་ཞབས་སོར་འཁོད་སྐབས་གནམ་ཐང་དུ་འབྲེལ་ཡོད་མི་སྣ་རྣམས་ནས་ཕེབས་བསུ་ཟབ་རྒྱས་ཞུས་གནང་འདུག ཡང་༧གོང་ས་མཆོག་གིས་ཀྱང་ལ་དྭགས་ནང་གི་འཛུགས་སྐྲུན་ཡར་རྒྱས་དང་། ཆུ་གློག་གི་གོད་ཆགས་ཕོག་པ་ཚོར་ཉམ་གསོའི་ལས་དོན་བྱེད་ཕྱོགས་སྐོར་བཀའ་སློབ་བསྩལ་གནང་འདུག་ལ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་རྣམས་ལ་བོད་ཀྱི་ནང་ཆོས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་འགན་འཁུར་དམིགས་བསལ་ཡོད་སྐོར་བཀའ་ཕེབས་ཡོད་པ་རེད། ལ་དྭགས་ཁུལ་གདན་ཞུ་ཕུལ་མཁན་གཙོ་བོ་ནང་པའི་ཆོས་ཚོགས་དང་། དགོན་པའི་ཆོས་ཚོགས་གཉིས་ཐུན་མོང་ནས་ཡིན་པ་རེད། ད་ལྟའི་ཆར་དམིགས་བསལ་ཚེས་ཆ་ཐུགས་གཏན་འཁེལ་གནང་མེད་ཀྱང་། སྐུ་སྒེར་ཡིག་ཚང་གི་དྲ་རྒྱའི་ནང་གསལ་ལྟར་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཟླ་བ་འདིའི་ཟླ་མཇུག་ཏུ་ཟངས་དཀར་གྱི་པ་དུམ་ས་གནས་སུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུངས་ཆོས་བཀའ་འཁྲིད་སྩལ་གནང་རྒྱུ་དང་། དེ་ནས་ཕྱི་ཟླ་བརྒྱད་པའི་ཚེས་བཞི་ནས་བདུན་བར་ཉིན་གྲངས་བཞིའི་རིང་། སླེ་ཁུལ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ། དེ་བཞིན་ཐུགས་རྗེ་ཆེན་པོའི་བཀའ་དབང་སོགས་ཆོས་འབྲེལ་བསྐྱངས་གནང་རྒྱུ་ཡིན་འདུག