བོད་མིའི་སྒེར་ལངས་གོམ་བགྲོད་སྤེལ་གཏན་འཁེལ་འདུག


2014-01-09
Share
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་མིའི་སྒེར་ལངས་གོམ་བགྲོད་བྱེད་རྒྱུའི་གསར་འགོད་ལྷན་ཚོགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་མིའི་སྒེར་ལངས་གོམ་བགྲོད
པར། TYC

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་མིའི་སྒེར་ལངས་གོམ་བགྲོད་ཅེས་པའི་ལས་འགུལ་ཞིག་ཟླ་རྗེས་མར་སྤེལ་གཏན་འཁེལ་འདུག
དེ་ཡང་དབུས་གཞོན་ནུའི་རྒྱུན་ལས་ཁང་ནས་གསར་འགོད་ལྷན་ཚོགས་སར་། མི་རིང་བའི་ཕྱི་ཟླ་༢ ཚེས་༨ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་བོད་དོན་ཞི་བའི་གོམ་བགྲོད་ཞིག་འགོ་འཛུགས་བྱེད་རྒྱུ་ཡིན་པ་དང་། རྒྱང་ཐག་སྤྱི་ལེ་༦༠༠་ཙམ་ཡོད་པའི་གོམ་བགྲོད་གནང་རྗེས་ རྒྱལ་ས་ལྡི་ལིར་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་འབྱོར་ནས་གོམ་བགྲོད་མཇུག་བསྒྲིལ་གནང་རྒྱུ་ཡིན་འདུག ལས་འགུལ་དེར་བོད་མིའི་སྒེར་ལངས་གོམ་བགྲོད་ཅེས་མིང་བཏགས་ཡོད་པ་དང་ལས་འགུལ་དེའི་ནང་གོམ་བགྲོད་པ་མི་གྲངས་༥༥ཡོད་འདུག དེ་ནི་རྒྱ་ནག་གིས་ བོད་ལ་དབང་བསྒྱུར་བྱས་རྗེས་བོད་མི་ཚོ་བཙན་བྱོལ་ལ་འབྱོར་ནས་མི་ལོ་༥༥ འཁོར་བ་མཚོན་བྱེད་ཡིན་པ་བརྗོད་ཡོད།
ཐེངས་འདིའི་ཞི་བའི་གོམ་བགྲོད་ཐོག་ད་བར་བོད་ནང་བོད་མི་༡༢༥ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ནས། ༧གོང་ས་མཆོག་བོད་ལ་གདན་ཞུ་དགོས་བ་སོགས་ཀྱི་དགོས་འདུན་བཏོན་གནང་ཡོད་པའི་གནད་དོན་ལ་རྒྱ་གཞུང་ནས་དྲང་བདེན་གྱི་ཡ་ལན་སྤྲོད་དགོས་པ་དང་། ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས་པ། རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་འགོད་པའི་སྐུ་ཚབ་བོད་ནང་གི་དངོས་ཡོད་གནས་སྟངས་རྟོགས་ཞིབ་ཆེད་གཏོང་དགོས་པ། རྒྱལ་གཅེས་ཆོས་གཅེས་ཟེར་བའི་བཙན་དབང་གི་སློབ་གསོའི་ལས་འགུལ་འཕྲལ་མར་མཚམས་འཇོག་དགོས་པ། དེ་བཞིན་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཟོ་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་བཅས་དགོས་འདུན་དོན་ཚན་ལྔ་བཏོན་རྒྱུ་ཡིན་འདུག
ཡང་གསལ་བསྒྲགས་ནང་། བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱལ་ཁ་མ་ཐོབ་བར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནམ་ཡང་འཚམ་འཇོག་བྱེད་རྒྱུ་མིན་ཞེས་བཀོད་ཡོད་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།