རྒྱ་ནག་ནང་ཕག་པ་ལས་བྱུང་བའི་ཆམ་པས་མི་གཉིས་གྲོངས།

རྒྱ་ནག་ནང་ཕག་པ་ལས་བྱུང་བའི་ནད་འབུ་ཅན་གྱི་ཆམ་རིམས་ཁྱབ་བརྡལ་ལ་སོང་ནས་བུད་མེད་གཉིས་རྐྱེན་ལམ་དུ་ཕྱིན་ཡོད་སྐོར་དེ་རིང་དབྱིན་ཇིའི་གསར་འགྱུར་ལས་ཁང་གིས་བཤད་འདུག
2013-01-07
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

དེ་ཡང་འདས་པའི་ཉིན་གྲངས་བཅུའི་ནང་ལ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་HINI ནད་འབུ་ཅན་གྱི་ཆམ་རིམས་ཀྱི་རྐྱེན་བྱས་ཏེ་མི་གཉིས་རྐྱེན་ལམ་དུ་ཕྱིན་པ་དེ་ནི། ༢༠༡༠ ནས་ད་བར་དུ་ནད་འབུ་HINI གིས་རྐྱེན་བྱས་ཏེ་ནད་པ་འདས་གྲོངས་སུ་ཕྱིན་པ་ཐེངས་དང་པོ་ཡིན་ཞིང༌། དེ་ཡང་ཕྱི་ཕྱོགས་གྲོང་གསེབ་ས་ཁུལ་ནས་གྲོང་ཁྱེར་པེ་ཅིང་དུ་འཕྲལ་སེལ་ལས་ཀ་བྱེད་དུ་ཡོང་བའི་ལོ་༢༢ ཡིན་པའི་བེུད་ཞིག་HINI ནད་འབུས་རྐྱེན་བྱས་ཏེ་ཕྱི་ཟླ་༡༢ པའི་ཚེས་༢༧ ཉིན་འདས་གྲོངས་སུ་ཕྱིན་པ་དང༌། ཡང་ལོ་༦༥ ཡིན་པའི་Cancer ནད་པ་བེུད་ཞིག་ཀྱང་HINI ནད་འབུས་རྐྱེན་བྱས་ཏེ་ཟླ་བ་འདིའི་ཕྱི་ཚེས་༤ རེས་གཟའ་པ་སངས་ཉིན་འདས་གྲོངས་སུ་ཕྱིན་པ་རེད། འདི་ལོ་གྲོང་ཁྱེར་པེ་ཅིང་ནད་དུ་HINI ནད་འབུ་ཅན་གྱི་ཆམ་རིམས་འདས་ཟིན་པའི་ལོ་ལྔ་ནས་རྩིས་ནས་སྡུག་ཤོས་བྱུང་བ་མ་ཟད། HINI ནད་འབུ་ཁྱབ་ཆེན་པོར་འཕེལ་རྒྱས་ཕྱིན་ཡོད་པ་རེད། HINI ཟེར་འབོད་པའི་ནད་འབུ་དེ་ནི། ཕག་ནད་ཀྱི་ནད་འབུ་ཡིན་ཞིང༌། ནད་འབུ་དེ་༢༠༠༩ ལོར་ཨ་མི་རི་ཀ་དང༌། Mexico ནས་ཐོག་མར་ཁྱབ་འཕེལ་འགོ་བཙུགས་པའི་རྗེས་གཟའ་འཁོར་དྲུག་ནང་དུ་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་འཕེལ་ཕྱིན་པ་མ་ཟད། སྐབས་དེར་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་འཛམ་གླིང་ཁྱོན་ཡོངས་ནས་ཕག་ནད་ཀྱི་ནད་འབུ་HINI གིས་རྐྱེན་བྱས་ཏེ་ནད་པ་ཁྱོན་ཆིག་ཁྲི་བརྒྱད་སྟོང་ལྔ་བརྒྱ་འདས་གྲོངས་སུ་ཕྱིན་པའི་ཚོིད་རྩིས་གནང་ཡོད་ཅིང༌། འོན་ཀྱང་ན་ནིང་ཕྱི་ཟླ་དྲུག་པའི་ནང་ཞིབ་འཇུག་བྱས་པའི་བསྡོམ་རྩིས་ཤིག་བཏོན་པའི་ནང་ཕག་ནད་HINI ནད་འབུས་རྐྱེན་བྱས་ཏེ་འདས་གྲོངས་སུ་ཕྱིན་པའི་ནད་པའི་གྲངས་ཀ་ནི་ཉིས་ཁྲི་བརྒྱད་སྟོང་བཞི་བརྒྱ་ལྔ་བཅུ་ནས་ལྔ་འབུམ་བདུན་ཁྲི་དགུ་སྟོང་བར་བྱུང་ཡོད་པའི་སྐོར་གསུང་ཡོད་པ་རེད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།