རྨ་ཆུ་རྫོང་ཐོག་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེཊ་གནང་འདུག

2016-12-08
གློག་འཕྲིན།
མཆན།
Share
པར་བཀོད།
རྨ་ཆུ་རྫོང་ཐོག་ནས་བོད་མི་ཞིག་གིས་རང་ལུས་མེར་སྲེག་གནང་སྐབས། ༢༠༡༦།༡༢།༨
རྨ་ཆུ་རྫོང་ཐོག་ནས་བོད་མི་ཞིག་གིས་རང་ལུས་མེར་སྲེག་གནང་སྐབས། ༢༠༡༦།༡༢།༨
བོད་འབྱོར།

དེ་ཡང་བོད་ནས་ཐད་ཀར་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༦་ལོའི་ཟླ་༡༢་བའི་ཚེས་༨་ཉིན་གྱི་དགོང་དྲོའི་ཆུ་ཚོད་བདུན་པ་མ་ཟིན་ཙམ་ལ། མདོ་སྨད་མདོ་ལྷོ་རྨ་ཆུ་རྫོང་ཐོག་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་འདུག་ཅིང་། ས་གནས་བོད་མི་ཞིག་གིས། རང་ལུས་མེར་བསྲེགས་བཏང་ཡུལ་ནི་རྨ་ཆུ་རྫོང་ཐོག་ནས་རྨ་ཆུའི་ཟམ་ཁར་འགྲོ་སའི་རྫོང་ཐོག་གི་ལམ་ཆེན་འགྲམ་ཡིན་པ་དང་། སྐབས་དེར་བོད་མི་མང་པོས་༧གོང་ས་མཆོག་ལ་གསོལ་འདེབས་བྱེད་བཞིན་གོ་རྒྱུ་འདུག་ཅེས་དང་།  དེ་མ་ཐག་ས་གནས་སུ་རྒྱ་ནག་གིས་དམ་དྲག་བྱས་ཡོད་འདུག རང་ལུས་མེར་བསྲེགས་བཏང་ནས་དུས་ཡུན་རིང་པོ་སོང་མེད་པར་བརྟེན་ཁོང་གི་མིང་སོགས་ཞིབ་ཕྲའི་གནས་ཚུལ་མང་དག་ཞིག་ད་བར་ཤེས་རྟོགས་མེད་ཀྱང་།  མུ་མཐུད་རྩད་གཅོད་ཞུ་མུས་ཡིན།
ཐེངས་འདིའི་གནད་དོན་འདི་ནི། སྤྱི་ལོ་༢༠༠༩་ལོ་ནས་ད་བར་རྒྱ་ནག་གི་སྟངས་འཛིན་དབང་བསྒྱུར་འོག་བོད་ནང་གི་བོད་མིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་མཁན་༡༤༦པ་དེ་ཡིན་པ་རེད།  

གསར་འགོད་པ་ཀླུ་འབུམ། ཞུ་དག་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།
འབྲེལ་ཡོད་བརྙན་ཐུང་གཤམ་གྱི་དྲ་ཐག་ནས་གཟིགས་ཐུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།