གཞས་བ་ཨ་མཆོག་ཕུལ་བྱུང་བཟུང་འདུག

ཨ་མཆོག་གཞས་པ་ཕུལ་བྱུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བཀའ་ཁྲི་བློ་བཟང་སེང་གེ་ལ་བསྟོད་གླུ་བླངས་རྗེས་སྟབས་ནམ་ལེགས་པར་རྒྱ་ནག་གི་ཉེན་རྟོག་པས་གློ་བུར་འཛིན་བཟུང་བྱས་ཡོད་འདུག

2012.08.20

འབྲེལ་ཡོད་གནས་ཚུལ་ཡོང་ཁུངས་ལྟར་ན། ཉེ་ཆར་ཨ་མཆོག་གཞས་པ་ཕུལ་བྱུང་ལགས་ཀྱིས། ཁ་བྱང་ལ་ཁུར་གྱིས་གནོན་པའི་ང་ཚོ་ཞེས་ཉམས་ཆུང་གཞས་བ་ཕུལ་བྱུང་གི་གླུ་གཞས་འོད་སྡེར་ཆེད་བསྒྲིགས་ནང་བླ་མ་བཟང་པོ་༧རྒྱལ་བ་ཡིད་བཞིན་ནོར་བུ་དང་། དཔོན་པོ་བཟང་པོ་བློ་བཟང་སེང་གེ་ཞེས་བསྟོད་གླུ་ཕུལ་བའི་རྗེས་ཉེན་ཡོལ་བྱས་ཡོད་ཀྱང་། སྟབས་མ་ལེགས་པར་ཟླ་༨ ཚེས་གསུམ་ཉིན་འབར་ཁམས་གྱི་ཇ་ཁང་ཞིག་ནས་རྒྱ་ནག་གི་ཉེན་རྟོག་པས་གློ་བུར་འཛིན་བཟུང་བྱས་ཡོད་འདུག

གཞས་པ་ཕུལ་བྱུང་ལགས་ནི་རྔ་བ་ཁུལ་དམར་ཐང་ངམ་ཁྱུང་ཆུ་རྫོང་ཨ་མཆོག་སྡེ་བ་ནས་ཡིན་ལ། སྔོན་ཆད་སློབ་གྲྭ་ཆུང་འབྲིང་འགྲིམས་མྱོང་བ་མ་ཟད། ཆུང་དུས་ནས་ཁོ་བོའི་ལྷན་གྱི་སྐད་ངག་སྙན་མོ་རྩྭ་ཐང་དུ་ཁྱབ་ཞིང་། སྔ་གཞུག་ཏུ་ཁོ་བོས་ཆེད་སྒྲིག་བརྙན་འཁོར་ལྔ་ལྷག་འགྲེམས་སྤེལ་བྱས་པར་བོད་རིགས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། ཁོ་བོས་རྒྱ་གཞུང་གི་བཙན་གནོན་སྡུག་སྦྱོང་ལ་མ་འཛེམས་པར་ལ་རྒྱའི་གླུ་དབྱངས་མང་དུ་བླངས་པར་བརྟེན་༼ལ་རྒྱའི་གླུ་བ༽ཞེས་འབྲོག་ཐང་གི་གཞས་པ་རིགས་ཞེན་ཅན་ཞིག་ཏུ་བརྩི་བཞིན་ཡོད་འདུག

ཡིན་ནའང་། སྟབས་མ་ལེགས་པ་ཞིག་ལ། རྒྱ་གཞུང་གི་བཀའ་རྒྱའི་འོག་འཆར་ལྡན་བུ་སྐྱེས་ཞེས་པའི་སྲིད་བྱུས་དེ་བོད་ས་ཡོངས་སུ་ལག་བསྟར་བྱས་དང་བྱེད་བཞིན་པ་ལྟར། ཁོ་བོ་མངལ་དུ་ཡོད་སྐབས་འཆར་ལྡན་ཆུ་སྐྱེས་ཀྱི་འགོག་ཁབ་དང་སྨན་རྫས་ཀྱི་རྐྱེན་པས་རྐང་པ་དང་ལག་པར་གནོད་སྐྱོན་ཐེབས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎