དེ་རིང་རྔ་བ་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེག་བཏང་ཡོད་པ།

2017-12-23
གློག་འཕྲིན།
མཆན།
Share
པར་བཀོད།
དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༣ ཕྱི་དྲོ་ཨ་མདོ་རྔ་བ་ནས་བོད མི་ཞིག་གིས་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་ཐོན་འདུག
དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༣ ཕྱི་དྲོ་ཨ་མདོ་རྔ་བ་ནས་བོད མི་ཞིག་གིས་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་ཐོན་འདུག
བོད་ནས་འབྱོར་བ།

༄༅། །དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༣ ཕྱི་དྲོ་ཨ་མདོ་རྔ་བ་ནས་བོད མི་ཞིག་གིས་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་ཐོན་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་ན།
དེ་རིང་བོད་ནང་གི་དགོང་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀ་ཙམ་ལ་རྔ་བ་ཀིརྟི་དགོན་ཆེན་མར་ནང་དང་།དཔའ་བོའི་
སྲང་ལམ་ཡར་ནང་གི་བར་དེ་གཉིས་ནས་མི་ཞིག་གིས་རང་བསྲེག་བཏང་ཡོད་པ་དང་།གནས་ཚུལ་དེ་དངོས་སུ་མཐོང་མཁན་ཞིག་གིས་བརྗོད་ན།  ཉེན་རྟོག་པས་ས་ཆ་དེ་ནས་གཙང་མ་བཟོ་བཞིན་པ་དངོས་སུ་མཐོང་སོང་ལ།མི་རྣམས་ཀྱིས་ད་ལྟ་རང་དེ་ནས་མི་ཞིག་
གིས་རང་ལུས་མེར་བསྲེག་བ་རེད་ཅེས་བརྗོད་བཞིན་འདུག ཆུ་ཚོད་ཧ་ལམ་དྲུག་དང་ཕྱེད་ཀ་ཡས་མས་རེད།གྲྭ་བཙུན་དང་མི་སྐྱ་ཕོ་མོ་སུ་ཡིན་ད་ལྟ་གསལ་ཁ་མེད།མི་དེ་གྲོངས་ཡོད་
མེད་དང་གང་དུ་འཁྱེར་བ་སོགས་ཤེས་རྟོགས་བྱེད་ཐུབ་མེད་པ་བརྗོད་ཡོད་པ་རེད།  ད་དུང་ཡང་དེ་རིང་གི་རྔ་པའི་ནང་རང་ལུས་མེར་བསྲེགས་གནང་མཁན་དེ་ཡིན་པའི་བརྙན་པར་ཞིག་ཀྱང་ལག་ཐོབ་
བྱུང་བ་དེའི་ནང་། མི་ཞིག་གི་གཟུགས་པོ་ཡོངས་སུ་མེ་ཆེན་པོ་འབར་གོམས་པ་བརྒྱབ་བཞིན་པ་ཞིག་ཀྱང་མཐོང་རྒྱུ་འདུག
ཡང་བོད་ཀྱི་ཕྱི་ཕྱོགས་སུ་ཡོད་པའི་གནས་ཚུལ་འབྱུང་ཁུངས་གཞན་ཞིག་གིས་ ཉེན་རྟོག་པས་རང་ལུས་མེར་བསྲེགས་བཏང་མཁན་ཁོང་འཁྱེར་ཟིན་ཡོད་པ་འགྲེལ་བརྗོད་གནང་ན་ཡང་། མི་དེའི་མིང་དང་སྐྱ་སེར། ཕོ་མོ་སོགས་ཇི་ཡིན་སོགས་གསལ་རྟོགས་མེད་པ་འགྲེལ་བརྗོད་གནང་བྱུང་། འདི་ནི་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ ༡༥༢ པ་དེ་ཆགས་ཀྱི་ཡོད་པ་རེད།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།