ཨོསི་ཊརེ་ལི་ཡའི་ནང་མང་གཙོ་མནའ་འབྲེལ་ཞེས་ཆབ་སྲིད་ཚོགས་པ་གསར་པ་ཞིག་འཛུགས་འཆར་འདུག

2021.09.22
ཨོསི་ཊརེ་ལི་ཡའི་ནང་མང་གཙོ་མནའ་འབྲེལ་ཞེས་ཆབ་སྲིད་ཚོགས་པ་གསར་པ་ཞིག་འཛུགས་འཆར་འདུག འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་(Drew Pavlou)་ལགས། ༼དཀྱིལ
མཐུན་འགྱུར་པར་རིས། /TP Doring

ལོ་རྗེས་མའི་ཨོསི་ཊརེ་ལི་ཡའི་དབུས་གྲོས་ཚོགས་ཀྱི་འོས་བསྡུ་ཆེན་མོའི་ནང་། བོད་དང་ཧོང་ཀོང་། ཡུ་གུར་དང་ཐེ་ཝན་སོགས་རྒྱ་ནག་གི་བཙན་གནོན་དང་དབང་ཤུགས་འོག་དཀའ་སྡུག་མྱོང་བཞིན་པའི་མི་རིགས་ཚོར་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨོསི་ཊརེ་ལི་ཡའི་གཞོན་སྐྱེས་(Drew Pavlou)་ལགས་ཀྱིས་མང་གཙོ་མནའ་འབྲེལ་ཚོགས་པ་ཟེར་བའི་སྲིད་དོན་ཚོགས་པ་གསར་པ་ཞིག་འཛུགས་འཆར་ཡོད་པ་དང་། དེའི་ནང་རྒྱ་ནག་གི་བཙན་གནོན་དང་དབང་ཤུགས་འོག་དཀའ་སྡུག་མྱོང་བཞིན་པའི་མི་རིགས་ཀྱི་སྐུ་ཚབ་མཉམ་ཞུགས་བྱེད་དགོས་པའི་སྐུལ་མ་གནང་བཞིན་འདུག
དེའི་ཐད་སྐབས་༡༧་པའི་བོད་མི་མང་ཨོསི་ཊར་ཨེ་ཤེ་ཡའི་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། ཨོསི་ཊརེ་ལི་ཡའི་མི་སེར་ཡིན་པ་བོད་མི་གང་མང་ཆབ་སྲིད་ཚོགས་པ་འདིའི་ནང་མཉམ་ཞུགས་ཡོང་བའི་འབོད་སྐུལ་གནང་འདུག ཁོང་གིས་ཆབ་སྲིད་ཚོགས་པ་གསར་པ་དེ་བརྒྱུད་ཨོསི་ཊརེ་ལི་ཡའི་རྒྱལ་ཡོངས་གྲོས་ཚོགས་སུ་བོད་དོན་ཞུ་གཏུག་ཐད་ནུས་པ་འབུར་ཐོན་ཡོང་རྒྱུ་ཡིན་པ་གསུངས་འདུག
(Drew Pavlou)་ལགས་ནི་ཨོསི་ཊརེ་ལི་ཡའི་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཞིག་ཡིན་པ་དང་། ཁོང་གིས་སྔ་ལོ་ཧོང་ཀོང་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་འགོ་བཙུགས་པའི་སྐབས་ཧོང་ཀོང་མི་དམངས་ལ་རྒྱབ་སྐྱོར་གྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་ལ། རྒྱུན་དུ་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཀྱང་ཡིན་པ་རེད། ཁོང་(Queensland)་མཐོ་རིམ་སློབ་གྲྭའི་སློབ་མ་ཞིག་ཡིན་སྟབས། མཐོ་རིམ་སློབ་གྲྭའི་ནང་ལས་འགུལ་སྣེ་མང་སྤེལ་བར་བསྙད་དེ་ཁོང་སློབ་གྲྭ་དེ་ནས་ཕྱིར་འབུད་བཏང་ཞིང་། གནད་དོན་དབྱེ་ཞིབ་པ་ཚོས་འདི་ནི་རྒྱ་ནག་གཞུང་གིས་སྣོན་ཤུགས་ཀྱིས་རྐྱེན་པས་ཡིན་ལུགས་བརྗོད་བཞིན་ཡོད་པ་རེད། འོན་ཀྱང་(Queensland)་མངའ་སྡེའི་གྲོས་ཚོགས་གོང་མས་མཐོ་རིམ་སློབ་གྲྭའི་ཐག་གཅོད་དེ་ནོར་འཁྲུལ་ཅན་ཞིག་ཡིན་པ་གསལ་བསྒྲགས་བྱས་ཡོད་ལ། མངའ་སྡེའི་ཁྲིམས་ཁང་གིས་མཐོ་རིམ་སློབ་གྲྭའི་སློབ་སྤྱི་དང་སློབ་སྤྱི་གཞོན་པའི་ཐག་གཅོད་དེ་ནི་ལྐོག་ཟའི་བྱ་སྤྱོད་དང་འབྲེལ་བ་ཡོད་པའི་བཀའ་རྩ་བསྒྲགས་ཡོད་པ་རེད།

གསར་འགོད་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་རྫོང་ཁག་གི་བློན་ཆེན་ལ་རྒྱ་གར་དབུས་སའི་གཞུང་ནས་བོད་མིར་རྒྱབ་སྐྱོར་མཐུན་གྲོགས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎