རྒྱ་ནག་གཞུང་ནས་འཕྲིན་གཏོང་དྲ་རྒྱར་དམ་བསྒྲགས་ལ་བློ་ཕམ།

ཨོ་སོ་ཀྲོ་ལི་ཡའི་སྲིད་བློན་མཆོག་གིས་རྒྱ་ནག་གཞུང་གིས་འཕྲིན་གཏོང་དྲ་རྒྱར་དམ་བསྒྲགས་བྱེད་བཞིན་པའི་གནད་དོན་ཐོག་གླེང་སློང་གནང་རྒྱུ།

2008-08-01
Share

༄༅༎དེ་རིང་ཨོ་སོ་ཀྲོ་ལི་ཡའི་སྲིད་བློན་ཀེ་ལྦིན་ར་ཌེ་མཆོག་གིས་ཟླ་བ་འདིའི་ཚེས་༨ ཉིན་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་ཕེབས་པའི་སྐབས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་ཚོར་རྩེད་འ

གྲན་གྱི་གསར་འགྱུར་མཁོ་སྒྲུབ་བྱ་རྒྱུར་འཕྲིན་གཏོང་དྲ་རྒྱར་དམ་བསྒྲགས་བྱེད་བཞིན་པའི་གནད་དོན་ཐོག་གླེང་སློང་གནང་གི་ཡིན་ཞེས་གསུང་ཡོད་པ་རེད།

སྲིད་བློན་ཀེ་ལྦིན་ར་ཌེ་ནི་རྒྱ་སྐད་མཁྱེན་གྱི་ཡོད་པ་མ་ཟད། དེ་སྔོན་པེ་ཅིང་ནང་དུ་ཡོད་པའི་ཨོ་སོ་ཀྲོ་ལི་ཡའི་གཞུབ་ཚབ་པ་གནང་མྱོང་ཡོད་ཅིང༌། ཁོང་གིས་གསུང་ན། རྒྱ་ནག་གཞུང་གིས་འཕྲིན་གཏོང་དྲ་རྒྱའི་ཐོག་དམ་བསྒྲགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ངོས་ནས་མཐོང་བྱུང་ལ་གནས་ཚུལ་དེ་དག་ཐོག་ངོས་རང་ཕྲན་བུའི་བློ་འཚབ་བྱུང༌། ངོས་ནས་རྒྱ་ནག་ནང་ཡོད་པའི་ང་ཚོའི་གྲོགས་པོ་ཚོར་རྒྱ་ནག་གཞུང་ཕྱོགས་ནས་ཕྱི་ཕྱོགས་ཀྱི་འཕྲིན་གཏོང་དྲ་རྒྱ་ལྟ་ཀློག་ཆོག་པའི་སྒོ་མོ་ཕྱེས་པ་ཡིན་ཚེ་དེར་འཇིགས་སྣང་བྱེད་དགོས་དོན་གང་ཡང་ཡོད་པ་མ་རེད་བསམ་གྱི་ཡོད་ཅེས་གསུང་ཡོད་པ་རེད། ཡིན་ནའང་སྐྱོན་བརྗོད་བྱེད་མཁན་ཚོས་དེ་སྔོན་རྒྱ་ནག་ལ་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་བྱེད་པའི་གོ་སྐབས་ཐོབ་པའི་སྐབས་རྒྱ་ནག་གཞུང་དང་ཨོ་ལིམ་པིག་རྩེད་འགྲན་གྱི་བྱེད་སྒོ་སྤེལ་མཁན་ཚོས་འགྲོ་བ་མིའི་ཐོབ་ཐང་སོགས་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་པ་ལག་བསྟར་བྱེད་ཀྱི་མེད་པའི་སྐྱོན་བརྗོད་བྱེད་བཞིན་པ་དང༌། ལྷག་པར་དུ་གསར་འགོད་པ་ཚོར་རྩེད་འགྲན་གྱི་གནས་ཚུལ་གཏོང་སྤེལ་བྱེད་ཆོག་པ་དང་འཕྲིན་གཏོང་དྲ་རྒྱའི་ཐོག་དམ་བསྒྲགས་བྱེད་བཞིན་པ་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་ཞུ་བཞིན་པ་ཁག་རྒྱ་ནག་གཞུང་གིས་ངོས་ལེན་བྱེད་ཀྱི་མེད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།